40298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་རྒྱུ་གཉིས་ (1)
Part of speech མིང་ཚིག
Definition ཚིག་འབྲུ་ལེགས་པར་བྱེ་བ་ཉིད། ལེགས་པར་རབ་ཏུ་རྟོགས་པ་ཉིད་དོ། །
Domain ཆོས་ལུགས།
བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་རྒྱུ་གཉིས་ (2)
Part of speech མིང་ཚིག
Definition རྒྱུ་གཉིས་ཀྱིས་ཚིག་འབྲུའི་དོན་ལེགས་པར་རྟོགས་པ་ཡིན་ཏེ། ལེགས་པར་མངོན་པར་རྫོགས་པ་རྟོགས་པ་ཉིད། ངེས་པར་འབྱིན་པ་མངོན་པར་རྫོགས་པར་རྟོགས་པ་ཉིད་དོ། །
བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་རྒྱུ་གཉིས་ (3)
Part of speech མིང་ཚིག
Definition རྒྱུ་གཉིས་ཀྱིས་ངེས་པར་འབྱིན་པ་ཡིན་ཏེ། བདེ་འགྲོར་འགྲོ་བས་ངེས་པར་འབྱིན་པ་ཉིད། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བས་ངེས་པར་འབྱིན་པ་ཉིད་དོ། །
བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་རྒྱུ་གཉིས་ (4)
Part of speech མིང་ཚིག
Definition རྒྱུ་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་ཡིན་ཏེ། སོམ་ཉི་མེད་པ། མི་ཕྱེད་པའོ། །
བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་རྒྱུ་གཉིས་ (5)
Part of speech མིང་ཚིག
Definition རྒྱུ་གཉིས་ཀྱིས་མི་ཕྱེད་པ་ཡིན་ཏེ། ལྟ་བ་མི་ཕྱེད་པ། འདུས་པ་དང་ལྡན་པའོ། །
བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་རྒྱུ་གཉིས་ (6)
Part of speech མིང་ཚིག
Definition རྒྱུ་གཉིས་ཀྱིས་འདུས་པ་དང་ལྡན་པ་ཡིན་ཏེ། རྟོགས་པ་བརྟན་པ། རྟོན་པ་ཡོད་པའོ། །
བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་རྒྱུ་གཉིས་ (7)
Part of speech མིང་ཚིག
Definition རྒྱུ་གཉིས་ཀྱིས་རྟོན་པ་ཡོད་པ་ཡིན་ཏེ། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ། རྟོན་པ་དེ་བཞིན་གཤེགས་པ་དང་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པའོ། །
བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་རྒྱུ་གཉིས་ (8)
Part of speech མིང་ཚིག
Definition རྒྱུ་གཉིས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། སོམ་ཉི་ཐམས་ཅད་གཅོད་པ། ལོག་པར་བསྒྲུབ་པ་མི་དམིགས་པའོ། །