4033

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱིམ་གྱི་ཟླ་བ་དག་པ་ (1)
Part of speech མིང་ཚིག
Definition འདས་པའི་ལོ་དེ་ཟླ་བའི་གྲངས་སུ་སྤེལ་བའི་ཚོགས་དེ་ལ་ཟེར་ཞིང་། མིང་བསྡུས་ན་ཁྱིམ་ཟླ་དག་པ་ཞེས་ཀྱང་ཟེར། དབྱེ་ན། ཁྱིམ་རེ་རེ་ལ་ཟླ་དག་རེ་རེ་སྟེ། ལུག་གི་ཁྱིམ་གྱི་ཟླ་དག་དང་། གླང་ཁྱིམ་གྱི་ཟླ་དག། འཁྲིག་ཁྱིམ་གྱི་ཟླ་དག་སོགས་ལོ་གཅིག་ལ་ཁྱིམ་གྱི་ཟླ་དག་བཅུ་གཉིས་ཉིད་ཡོད། རྣམ་འགྲེལ་གསེར་ཤིང་ལས། བརྩི་བྱའི་འདས་ལོ་གང་ཡིན་པ་དེ་ཉིད་ཉི་མས་བསྒྱུར་ལ་ནག་པ་སོགས་འདས་ཟླ་བསྲེས་ཏེ་ཁྱིམ་ཟླའི་ཚོགས་སུ་བྱས་པ་ལས། ཞེས་གསུངས་སོ། །
Domain རྩིས་རིག