40339

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བའི་རྣམ་པར་བཤད་པ་ (1)
Part of speech མིང་ཚིག
Definition དཔལ་ལྡན་རྒྱལ་པོ་ཛ་གཏྟ་ཏཱ་ལར་གནས་པས་མཛད་པའི་བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བའི་རྣམ་པར་བཤད་པ། རྒྱ་གར་གྱི་མཁན་པོ་ཨ་ལངྐ་དེ་བ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར། འདིའི་འགྱུར་བྱང་གི་མཐར་འགྲེལ་པ་འདི་ནི་རྟིང་པ་ལོ་ཙཱ་བས་སྔ་མོར་བསྒྱུར་ཡང་ཕྱིས་གཞན་ལ་མ་འཕེལ་བས། སྔར་དཔེ་ཕྱི་མ་རྙེད་པ་ལས་ཕྱིས་བླ་མ་ཆོས་ཀྱི་རྒྱལ་པོའི་ཕྱག་དཔེ་རྒྱ་ཡིག་དག་གི་ནང་ནས། དགེ་བཤེས་ཅོག་རོག་རོ་སྟོན་གཞོན་གྱིས་རྙེད་ནས་བྲིས་པའོ། །ཞེས་འཁོད། འདི་ནི་བརྒྱད་སྟོང་དོན་བསྡུས་དང་། ཉི་ཁྲི་གཞུང་འགྲེལ་གཉིས་ཀའི་རྗེས་སུ་འབྲང་པའི་འགྲེལ་པ་ཡིན། བསྟན་འགྱུར་ཤེས་ཕྱིན་བ་པར་བཞུགས།