From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ (1)
| Part of speech
|
མིང་ཚིག
|
| Definition
|
ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པའི་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག བུ་སྟོན་དང་པེ་སྣར་དཀར་ཆག་ཏུ་“ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་དང་། དཀྱིལ་ཆོག་གཉིས་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་བྱས་པ་ཡིན་ཟེར་བ། རྣལ་འབྱོར་བླ་མེད་དུ་བྱས་པ་འདིའང་རྒྱ་གཞུང་ཡིན་ཟེར་ནས་བྲིས་སོ་ཞེས་གསུངས་པའི་རྒྱ་གཞུང་ཡིན་ཟེར་ནས་བྲིས་སོ་ཞེས་པ་འདི་གོང་གི་སྒྲུབ་ཐབས་ ༡༠༥༥ དང་དཀྱིལ་ཆོག་ ༡༠༥༦ གཉིས་ལ་གོ་དགོས་པ་འདྲ་ཡང་། སྡེ་དཀར་དུ་ཕྱི་མ་དཀྱིལ་ཆོག་ཁོ་ན་ལ་གོ་བ་ལྟ་བུ་ཞིག་སྣང་བས་གང་ཡིན་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །ཆོས་ཚན་འདི་འོག་ཏུ་པེ་ཅིང་པར་མ་དང་། སྣར་ཐང་པར་མ་གཉིས་ལ་རྒྱུད་གསར་བཅུག་གི་སྐབས་སུ་བཞུགས་པའི་ཆོས་ཚན་ ༢༧༤༢ པ་དང་བསྐྱར་ཟློས་སུ་འཁོད་འདུགསྤྱན་རས་གཟིགས་དབང་རྣལ་འབྱོར་བླ་མེད་དུ། །གྱུར་པའི་རལ་གཅིག་སྐོར་ལ་བཅུ་གཅིག་དང་། །འཇིག་རྟེན་མགོན་སྐོར་བདུན་དང་ཚེ་དཔག་སྐོར། །དྲུག་བཅས་ཡོངས་དྲིལ་ཆོས་སྐོར་ཉེར་བཞི་བཞུགས། །བསྟན་འགྱུར་རྒྱུད་ཚི་པར་བཞུགས།
|
བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ (2)
| Part of speech
|
མིང་ཚིག
|
| Definition
|
ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པའི་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག འདི་རྩ་རྒྱུད་ལེའུ་འབུམ་པ་དང་། བཤད་རྒྱུད་འོད་ཟེར་དྲ་བ་ལས་ཕྱུང་བའོ། །ཆོས་ཚན་འདི་པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་ལྷག་མར་འཁོད་པ་སྟེ། གོང་དུ་པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་པར་མ་དང་ཅོ་ནེ་བཞིར་ཚེ་དཔག་མེད་པའི་ཆོས་སྐོར་དུ་བཞུགས་པའི་ཆོས་ཚན་ ༡༠༥༦ པ་དང་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་ཧུ་པར་བཞུགས།
|