40353
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཆེན་པོ་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པའི་བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ། བལ་ཡུལ་གྱི་པཎྜི་ཏ་ཛེ་ཏ་ཧང་དུ་ཤཱནྟི་བྷ་དྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོཙྪ་བ་འབྲོ་སེང་དཀར་ཤཱཀྱའི་འོད་ཀྱིས་བསྒྱུར། ཟུར་མཆན། འདི་ནི་མངོན་རྟོགས་རྒྱན་སྡུད་པ་དང་སྦྱར་བའི་འགྲེལ་པ་མིང་གཞན་དཀའ་འགྲེལ་རྟོགས་སླ་བ་ཞེས་བྱའོ། ། བསྟན་འགྱུར་ཤེས་ཕྱིན་ཇ་པར་བཞུགས། |