40384

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅོས་པའི་ཆང་ (1)
Part of speech མིང་ཚིག
Definition བཅའ་བའི་རིགས་ལས་བཟོས་པའི་ཆང་སྟེ། རྩ་བ། སྡོང་བུ། ལོ་མ། མེ་ཏོག འབྲས་བུའི་བཏུང་བ་ལས་བཅོས་པའི་ཆང་ལྟ་བུ། རྩ་བའི་བཅའ་བ་ནི། ལ་ཕུག་དང་ཉུང་མ་ལྟ་བུ། སྡོང་བུའི་བཅའ་བ་ནི། བུར་ཤིང་ལྟ་བུ། ལོ་མའི་བཅའ་བ་ནི། ལ་ཕུག་གི་ལོ་མ་ལྟ་བུ། མེ་ཏོག་གི་བཅའ་བ་ནི། ཨུཏྤལ་ལྟ་བུ། འབྲས་བུའི་བཅའ་བ་ནི། རྒུན་འབྲུམ་དང་ཁམ་སྟར་སོགས་ཤིང་འབྲས་རིགས་ཡོངས་རྫོགས་ལྟ་བུའོ། །ལུང་རྣམ་འབྱེད་ལས། བཅོས་པའི་ཆང་ཞེས་བྱ་བ་ནི་རྩ་བའི་བཏུང་བ་དང་། སྡོང་བུའི་བཏུང་བ་དང་། འདབ་མའི་བཏུང་བ་དང་། མེ་ཏོག་གི་བཏུང་བ་དང་། འབྲས་བུའི་བཏུང་བའོ། །ཞེས་གསུངས་པ་ལྟར་རོ། །བཅོས་པའི་ཆང་དང་། འབྲུའི་ཆང་གི་ཁྱད་པར་ནི། བཅོས་པའི་ཆང་ནི་བཅའ་བའི་རིགས་ལས་བཟོས་པ་དང་། འབྲུའི་ཆང་ནི་བཟའ་བའི་རིགས་ལས་བཟོས་པའི་ཁྱད་པར་རོ། །