40397

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅོས་མའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ས་དང་པོ་འགྱུར་བ་མ་ངེས་པའི་སར་རྣལ་འབྱོར་དྲུག་ཐོབ་པའི་གཉིས་པ་ཡིན། འདི་ནི་ལམ་དུ་ཐོག་མར་བློ་གྱེན་དུ་འགྱུར་པའི་རྒྱུས་གསང་སྔགས་ཀྱི་དོན་བློ་ལ་མ་ཤར་ཡང༌། ལྷ་སྒོམ་པ་དང་བསམ་དཔྱོད་རྣམས་གསང་བ་དམ་པའི་ཚུལ་དུ་བསྒྱུར་ནས་སྤྱོད་པ་ལ་དགའ་བས་བཅོས་མ་ཙམ་གྱི་རྣལ་འབྱོར་དོན་གསལ་བ་མེད་པ་དང་མཚན་མེད་སྐབས་ཆོས་ཉིད་མིང་ཙམ་ལ་བློ་བཅོས་པའོ། །ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷ་སྒོམ་སྐབས། ཉམས་གཡོ་བ་བརྟན་པ་ལྷ་རི་རབ་ཙམ་ལ་སེམས་བཅོས་པ་དང་། ཉམས་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་ལ་སྦྱོར་བ་དང་འཕྲོ་འདུ་ནི་དབུགས་ཀྱི་བསྙེགས་ཚད་དུ་བྱེད། ཁྱོན་ནི་ཁྲུ་བཞི་སྟེ་རང་གི་ལུས་པོ་ཙམ་དུ་སྒོམ། གྲངས་ནི་ལྷ་གཅིག རྣམ་པའི་ཁྱད་པར་ནི་རྟོག་པའི་ལྷའོ། །མཚན་མེད་ཆོས་ཉིད་སྒོམ་སྐབས་གཡོ་བ་བྱང་ཆུབ་ཀྱི་སེམས་དཔེ་སྐར་མ་རབ་རིབ་ལྟར་འཆར་ལ། ལྟ་བ་ནི་གསང་བ་མཆོག་གི་དེ་ཁོ་ན་ཉིད་ཀྱི་མིང་ཙམ་དུ་འཛིན་པ་དང༌། སྒོམ་པ་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་དང༌། སྤྱོད་པ་ནི་བསོད་ནམས་ཀྱི་དཔུང་གིས་རྣམ་པར་དཀར་བའི་སྤྱོད་པའོ། །ཉམས་དང་རྣལ་འབྱོར་ཕྲ་མོ་ཀུན་མཚན་བཅས་ཀྱི་སྐབས་དང་ཐུན་མོང་ཡིན་པར་གསུངས།
Domain ཆོས་ལུགས།