40420
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དེ་བརྟེན་རྒྱུ་མཚན་འགའ་ལས་གཞན། །རྟོག་པས་བཏགས་པའི་མིང་དུ་འདོད། །ཅེས་བྱ་བ། གཞན་ལ་གྲགས་པའི་མིང་དགོས་པ་དང་རྒྱུ་མཚན་ལ་ལྟོས་ནས་གཞན་ལ་སྦྱར་བ་བཏགས་མིང་ཡིན་ཞིང་དེས་དོན་གོ་བ་ཡང་གཞན་ལ་ལྟོས་ནས་རྣམ་པ་འཆར་ཏེ། མི་བླུན་པོ་ལ་(བ་ལང་)བཏགས་མིང་དུ་འགྱུར་བ་བཞིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། བཏགས་མིང་གི་མཚན་ཉིད་ནི། དངོས་མིང་དུ་འཇུག་པའི་གཞི་དང་དོན་དེ་འདྲ་འབྲེལ་གང་རུང་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཕྱིས་རྗེས་གྲུབ་ཏུ་བརྡ་སྦྱར་བའི་མིང་ངོ་། །དབྱེ་ན། འདྲ་བ་རྒྱུ་མཚན་དུ་བྱས་པ་དང། འབྲེལ་བ་རྒྱུ་མཚན་དུ་བྱས་པ་གཉིས། དང་པོ་ནི་གང་ཟག་འགའ་ཞིག་ལ་སེང་གེ་ཞེས་པ་ལྟ་བུའོ། །གཉིས་པ་ལ། བདག་གཅིག་དང་འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང་། དེ་བྱུང་འབྲེལ་བ་རྒྱུ་མཚན་དུ་བྱས་པ་གཉིས་ལས། དང་པོ་ལ། སྤྱི་མིང་བྱེ་བྲག་ལ་བཏགས་པ་ནི་མིག་ཤེས་ཀྱི་ཡུལ་ལ་གཟུགས་སུ་བཏགས་པ་ལྟ་བུའོ། །བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་ནི། རྐྱེན་གསུམ་ལས་སྐྱེས་པའི་ཤེས་པ་ལ་དབང་ཤེས་སུ་བཏགས་པ་ལྟ་བུའོ། །ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ། ཡི་གེའི་ཆ་ཤས་ཀུན་སློང་གི་ཤེས་པ་ལས་སྐྱེས་ཤིང་ཉན་ཤེས་ཀྱིས་ཐོས་པ་ལ་ཡི་གེ་ཀུན་སློང་གི་ཤེས་པ་ལས་སྐྱེས་ཤིང་ཉན་ཤེས་ཀྱིས་ཐོས་པར་བཏགས་པ་དང་། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུའོ། །ཡ་གྱལ་མིང་ཚོགས་པ་ལ་བཏགས་པ་ནི། རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་ལྟ་བུ་དང་བཞིའོ། །གཉིས་པ་ལ། རྒྱུ་མིང་འབྲས་བུ་ལ་བཏགས་པ་དང་། འབྲས་བུའི་མིང་རྒྱུ་ལ་བཏགས་པ་ལ་གཉིས། དང་པོ་ནི། ཉི་མའི་འོད་ཟེར་ལ་ཉི་མར་བཏགས་པ་དང་། གཉིས་པ་ནི། སྒྲུབ་ངག་ཡང་དག་ལ་རྗེས་དཔག་ཏུ་བཏགས་པ་ལྟ་བུའོ། ། ཡང་མིང་ལ་དབྱེ་ན། བཤད་པ་རྒྱུ་མཚན་དུ་བྱས་པའི་མིང་དང་། འཇུག་པ་རྒྱུ་མཚན་དུ་བྱས་པའི་མིང་གཉིས། དང་པོ་ནི། སངས་རྒྱས་ཞེས་པ་དང་། གཉིས་པ་ནི། ཤིང་ཞེས་པ་ལྟ་བུའོ། །འདི་གཉིས་མཚོ་སྐྱེས་ཞེས་པའི་མིང་ལྟ་བུ་ལ་མཚོན་ན། བཤད་འཇུག་གཉིས་ཀ་ཡོད་པ། དེ་གཉིས་ཀ་མེད་པ། བཤད་དུ་ཡོད་ལ་འཇུག་ཏུ་མེད་པ། འཇུག་ཏུ་ཡོད་ལ་བཤད་དུ་མེད་པའི་མུ་དང་བཞི་ལས། རིམ་པ་བཞིན། མཚོ་ལས་སྐྱེས་པའི་པདྨོ་ལྟ་བུའོ། །རྡོ་བ་ལྟ་བུའོ། །མཚོ་ལས་སྐྱེས་པའི་སྦལ་པ་ལྟ་བུའོ། །སྐམ་ལས་སྐྱེས་པའི་པདྨ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
Domain | སྒྲ་རིག་པ། |
{{#arraymap:བཏགས་མིང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མིང་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དོན་དེའི་བཏགས་མིང་གི་མཚན་ཉིད། ཁྱོད་དངོས་མིང་དུ་འཇུག་པའི་ཡུལ་དེ་དང་དོན་དེ་ཆོས་འགའ་ཞིག་མཚུངས་པ་རྒྱུ་མཚན་དུ་བྱས་ནས། དོན་དེ་ལ་ཕྱིས་བརྡ་སྦྱར་བའི་མིང༌། དཔེར་ན་བྲམ་ཟེའི་ཁྱིའུ་ཁ་ཆེ་སྣ་ཉག་ལ་སེང་གེ་ཞེས་པའི་སྒྲ་ལྟ་བུ། ཞེས་གསུངས། |
{{#arraymap:བཏགས་མིང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྒྲ་དེ་དངོས་མིང་དུ་འཇུག་པའི་ཡུལ་དང་འདྲ་བ་དང་འབྲེལ་བ་གང་རུང་དུ་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཡུལ་དེ་ལ་ཕྱིས་སུ་བརྡ་སྦྱར་བའི་མིང་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། བཏགས་མིང་གི་མཚན་ཉིད། སྒྲ་དེ་དངོས་མིང་དུ་འཇུག་པའི་ཡུལ་དང་འདྲ་འབྲེལ་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཡུལ་དེ་ལ་ཕྱིས་བརྡ་སྦྱར་བའི་མིང། |
Example | བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་པའི་སྒྲ་ལྟ་བུ་སྟེ། འདི་ལ་དབྱེ་ན། ཉི་འོད་ལ་ཉི་མ་ཞེས་པ་ལྟ་བུ་འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང་། སྨན་བྱ་རོག་རྐང་ཞེས་པ་ལྟ་བུ་འདྲ་བ་རྒྱུ་མཚན་དུ་བྱས་པ་གཉིས་སོ། །ཞེས་གསུངས་པའི་ཕྱིར། |
{{#arraymap:བཏགས་མིང་
|; |@@@ | | }}