40421

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཏགས་འཛིན་རྟོག་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག རང་ཡུལ་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ། དབྱེ་ན། གང་ཟག་གི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་དང་། ཆོས་ཀྱི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། སྐབས་དང་པོའི་དངོས་བསྟན་གྱི་བཏགས་འཛིན་རྟོག་པ་དང་། ཐེག་ཆེན་གྱི་མཐོང་སྤང་བཏགས་འཛིན་རྟོག་པ་དང། རང་ཡུལ་གང་ཟག་དང་ཆོས་གང་རུང་བཏགས་ཡོད་ལ་དམིགས་ནས་འཛིན་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་ཐེག་ཆེན་གྱི་མཐོང་སྤང་རྣམས་དོན་གཅིག། ཅེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:བཏགས་འཛིན་རྟོག་པ་

|; |@@@ | | }}

བཏགས་འཛིན་རྟོག་པ་ (2)
Part of speech མིང་ཚིག
Definition འཛིན་རྟོག་གང་ཞིག བཏགས་འཛིན་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་རིགས་སུ་གནས་པའི་རིག་པ། བཏགས་འཛིན་རྟོག་པའི་མཚན་ཉིད་ཡིན། རྫས་འཛིན་དང༌། བཏགས་འཛིན་ཇི་ལྟ་བུ་ཞེ་ན། གང་ཟག་དོན་བྱེད་ནུས་པར་འཛིན་པ་དང༌། རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྫས་འཛིན། གང་ཟག་བཏགས་ཡོད་དུ་འཛིན་པ་དང༌། བདེན་སྟོང་སྒྱུ་མ་ལྟ་བུར་འཛིན་པ་ནི་བཏགས་འཛིན་ཡིན་ནོ། །རྫས་འཛིན་སོ་སྐྱེའི་རྟེན་ཅན་དང༌། བཏགས་འཛིན་འཕགས་པའི་རྟེན་ཅན་དུ་གསུངས་པ་ནི་གཙོ་ཆེ་བ་ལ་དགོངས་སོ། །

{{#arraymap:བཏགས་འཛིན་རྟོག་པ་

|; |@@@ | | }}