40427
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐབས་སུ་བབས་པའི་འཐབ་བྱེད་ཀྱིས་རང་གི་འཐབ་ཡུལ་དུ་མར་འཐབ་པའི་འཐབ་རྡེལ་རྣམས་དཀར་ནག་སོ་སོར་བགྲངས་ཏེ། གང་མང་ན་དེ་བོར་བའི་ལེགས་ཉེས་གང་ཡིན་ཁ་ཚོན་གཅོད་བྱེད་ཀྱི་ཁ་དམར་རྡེའུ་ལ་ཟེར་ཞིང་། མིང་གི་རྣམ་གྲངས་ལ་སྟངས་གཅོད་རྡེའུ་ཡང་ཟེར་བ་ཡིན། འཐབ་རྡེལ་དེ་ཚོ་དཀར་ནག་རྩི་དུས་དཀར་གསུམ་གསུམ་དང་ནག་གཉིས་གཉིས་ལ་རྩི་བའི་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་བགྲངས་ལུགས་གཅིག་དང་། དེ་ལྟར་མི་འདྲེན་པར་དཀར་གསུམ་དང་ནག་གཉིས་དཀར་ནག་རེ་རེ་བྱས་ཏེ་ངོ་ཐོག་དཀར་ནག་རྩི་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བགྲངས་ལུགས་གཅིག་བཅས་གཉིས་ཡོད་ཅིང་། དཀར་ནག་མང་ཉུང་བགྲངས་ནས་གང་མང་བ་དེའི་བཏང་གཅོད་རྡེའུ་འཇོག་སྟངས་ལའང་རིགས་གཉིས་ཡོད་དེ། རིགས་གཅིག་ནི་ཀེག་རྩིས་ཀྱི་སྐབས་ཏེ་དཀར་པོ་གཅིག་གཉིས་གསུམ་གྱིས་མང་ན་བཏང་གཅོད་ལའང་མང་བའི་གྲངས་དང་མཐུན་པར་རྡེལ་དཀར་གཅིག་གཉིས་གསུམ་མཐུན་པར་རྡེལ་དཀར་གཅིག་གཉིས་གསུམ་བཅས་འཇོག་ལ། མང་བའི་གྲངས་གཉིས་ལས་བརྒལ་ཡང་བཏང་གཅོད་ལ་རྡེལ་ནག་གཉིས་ལས་མང་བ་མི་འཇོག རིགས་གཞན་དེ་ནི་སྐྱེས་བག་གཤིན་སོགས་ཀྱི་རྩིས་ཀྱི་སྐབས་ཏེ་དཀར་ནག་གང་མང་བ་ཙམ་གྱིས་བཏང་གཅོད་ལ་དེ་ཡི་རྡེལ་གཅིག་ལས་མང་པའི་གྲངས་དང་བསྟུན་ནས་གཉིས་གསུམ་སོགས་མི་འཇོག དཀར་ནག་གྲངས་མཉམ་པ་ལ་བཏང་གཅོད་ཁྲ་མ་སྟེ་དཀར་ནག་ཟུང་འཇོག་བྱེད་པ་ནི་སྐབས་གཉིས་ཀར་གཅིག་མཐུན་ཡིན་ཞིང་། དེ་ལ་བབས་ཟུར་དུ་གསུངས་མེད་ཀྱང་བཟང་ངན་གཉིས་ཀྱི་མཐར་མ་ལྷུང་བའི་བར་མ་ཡིན་པར་རིགས་པས་བསྒྲུབ་ནུས། |
| Domain | རྩིས་རིག |