From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཏང་སྙོམས་ཚད་མེད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཚད་མེད་གང་ཞིག ཉོན་མོངས་པ་དང་མི་ལྡན་པར་འདོད་པས་རབ་ཏུ་ཕྱེ་བ། བཏང་སྙོམས་ཚད་མེད་ཀྱི་མཚན་ཉིད།
|
| Domain
|
ཆོས་ལུགས།
|
བཏང་སྙོམས་ཚད་མེད་ (2)
| Part of speech
|
མིང་ཚིག
|
| Definition
|
བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཚད་མེད་བཞི་གང་རུང་ཡང་ཡིན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་བྱུང་ཞིང་རང་གི་དམིགས་པར་གྱུར་པའི་སེམས་ཅན་ཚད་མེད་པར་སེམས་བཏང་སྙོམས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སེམས་བྱུང་དུ་དམིགས་པ། བཏང་སྙོམས་ཚད་མེད་ཀྱི་མཚན་ཉིད།
|
བཏང་སྙོམས་ཚད་མེད་ (3)
| Part of speech
|
མིང་ཚིག
|
| Definition
|
ཚད་མེད་བཞིའི་ཡ་གྱལ། དམིགས་པ་སེམས་ཅན་ཚད་མེད་པ་ལ་དམིགས་ནས་རྣམ་པ་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ངང་ལ་གནས་པར་བྱའོ་སྙམ་དུ་སེམས་པའོ། །དེ་ཡང་འདོད་པའི་འདོད་ཆགས་དང་གནོད་སེམས་མང་བ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་མ་ཆགས་པའི་རང་བཞིན་གྱི་དགེ་བའོ། །དེ་ཇི་ལྟར་གནོད་སེམས་ཀྱི་གཉེན་པོར་འགྱུར་ཞེ་ན། དེའི་སྤང་བྱའི་གནོད་སེམས་ནི་ཆགས་པས་དྲངས་པའི་གནོད་སེམས་ཡིན་པའི་ཕྱིར་རོ། །གཞན་ཡང་མི་སྡུག་པ་དང་བཏང་སྙོམས་གཉིས་འདོད་པའི་འདོད་ཆགས་ཀྱི་གཉེན་པོ་ཉིད་དུ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པའོ། །འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏང་སྙོམས་སོ་ཞེས་ཟེར་རོ། །འདི་སྐད་དུ་འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པའོ། །ཕ་དང་མ་དང་བུ་དང་ཉེ་དུའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏང་སྙོམས་སོ་ཞེས་བྱ་བ་ནི་རུང་ངོ་། །འདིའི་དམིགས་པ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཡིན་ཏེ། འདོད་པའི་སེམས་ཅན་ལ་དམིགས་པའི་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །བཏང་སྙོམས་ཚད་མེད་པ་འདི་མཉམ་གཞག་ཁོ་ན་ཡིན་པས་ས་ནི་བསམ་གཏན་དངོས་གཞི་ལྔ་དང་མི་ལྕོགས་མེད་ཀྱང་གསལ་བས་དངོས་གཞི་དང་འདྲ་བས་ས་དྲུག་ན་ཡོད་དོ། །ཁ་ཅིག་ནི་དངོས་གཞིའི་ས་པ་ཡིན་པས་མི་ལྕོགས་མེད་མ་གཏོགས་པའི་ས་ན་ཡོད་དོ་ཟེར། གཞན་དག་ནི་འདོད་པའི་ཁམས་དང་ཉེར་བསྡོགས་རྣམས་བསྣན་ནས་བཅུ་ན་ཡོད་དོ་ཞེས་ཟེར་ཏེ། མཉམ་པར་བཞག་པ་དང་མ་བཞག་པ་དང་། དངོས་གཞི་དང་སྦྱོར་བ་སྨྲོས་པའི་ཕྱིར་རོ། །ལུས་རྟེན་ནི་མི་དག་གི་ནང་དུ་སྐྱེད་ཀྱི། གཞན་དུ་ནི་མ་ཡིན་ཏེ། དེ་དག་བློ་མི་གསལ་བས་བསྐྱེད་པར་མི་ནུས་པའི་ཕྱིར།
|