40538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ (1)
Part of speech ཚབ་ཚིག
Definition ང་རང་ངམ་རང་ཉིད་ཀྱི་དོན་ཏེ།
Keyword True
Example བདག་གི་ཕ་ཡུལ། བདག་ལ་བཀའ་དྲིན་ཆེ་བའི་ཕ་མ། ཁོང་གིས་བདག་ལ་རོགས་རམ་གནང་བྱུང་ལྟ་བུ།
Antonyms གཞན།
བདག་ (2)
Part of speech ཚབ་ཚིག
Definition བྱེ་སྨྲ་ལྟར་ན་ཕུང་པོ་ལྔའི་རྒྱུན་ཙམ་སྟེ། དེ་ལས་མ་གཏོགས་པའི་གང་ཟག་མེད་དེ། མཆིམས་མཛོད་ལས། འོ་ན་འཆི་སྲིད་ནས་ཉིང་མཚམས་སྦྱོར་བ་དེ་གང་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་ལྔའི་རྒྱུན་ཙམ་ཉིད་དོ། །དེ་ལ་ཙམ་ནི་ལྷག་པ་འགོག་པ་སྟེ། ཕུང་པོ་ཆོས་ཙམ་ལས་མ་གཏོགས་པའི་བདག་མེད་པའི་ཕྱིར་རོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། བདག་ནི་ཕུང་པོ་བཞིའམ་ལྔའི་རྒྱུན་ཙམ་ལ་བཏགས་པ་ལས། རྟག་པར་གྲུབ་པ་མེད་དེ། བར་སྲིད་ཀྱི་ཕུང་པོ་ལྔའི་རྒྱུན་ལས་སྐྱེ་སྲིད་ཀྱི་ཕུང་པོ་ལྔ་དང༌། དེ་ལས་སྔོན་དུས་ཀྱི་སྲིད་པ་དང༌། དེ་ལས་འཆི་སྲིད་དང༌། དེ་ལས་སླར་ཡང་བར་སྲིད་སོགས་རྒྱུན་འགལ་མེ་བཞིན་དུ་འཁོར་བའི་མི་རྟག་པ་ཡིན་པའི་ཕྱིར། དེས་ན་མར་མེ་སྐད་ཅིག་མ་ཡིན་ཀྱང་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་མི་འགལ་བ་བཞིན་དུ། བདག་རྟག་པར་མེད་ཀྱང་ཕུང་པོའི་རྒྱུན་མངལ་སོགས་སུ་འཇུག་པ་མི་འགལ་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།
Synonyms ང་། གང་ཟག སྐྱེས་བུ། སྐྱེ་བོ།
བདག་ (3)
Part of speech ཚབ་ཚིག
Definition དགག་བྱའི་བདག་སྟེ། བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོའི་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །ཞེས་གསུངས།
བདག་ (4)
Part of speech ཚབ་ཚིག
Definition བྱ་བྱེད་ལས་གསུམ་གྱི་ནང་གི་བྱེད་པ་པོ་དང་བྱེད་པ་གཉིས་ཏེ། རྟགས་ཀྱི་འཇུག་གི་གཞུང་དུ། བྱ་བ་གང་ཞིག་གི་བྱེད་པ་པོ་ལ་དངོས་པོ་བདག་ཅེས་དང་། བྱ་བའི་ཡུལ་གྱི་དངོས་པོ་ལ་དངོས་པོ་གཞན་ཞེས་བརྗོད་པ་ཡིན།
Example སྨྱུ་གུ་གཞོག་པའི་བྱ་བ་ལྟ་བུར་མཚོན་ན། སྨྱུ་གུ་གཞོག་མཁན་གྱི་སློབ་མ་དེ་དངོས་པོ་བདག་དང་། དེའི་གཞོག་བྱའི་སྨྱུ་གུ་ལ་དངོས་པོ་གཞན་ཞེས་བརྗོད། དེ་བཞིན་དུ་བྱེད་པ་པོ་དང་འབྲེལ་བའི་བྱེད་པའི་ལས་ཀྱང་དངོས་པོ་བདག་གམ་བདག་གི་ཁོངས་སུ་གཏོགས་པ་ཡིན།
Domain སྒྲ་རིག་པ།
བདག་ (1)
Part of speech བྱ་ཚིག
Definition ཉར་ཚགས་བྱེད་པའི་དོན་ཏེ།
Example རྒྱུ་ནོར་ལ་བདག་གྱིས་ཤིག གཞུང་རྒྱུ་སྒེར་བདག་མ་བྱེད་ཅེས་པ་ལྟ་བུ།