40539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ཁྱིམ་འབུབས་པ་ (1)
Part of speech མིང་ཚིག
Definition མཐུན་སྦྱོར་བག་མའི་རྩིས་ཀྱི་སྡེབ་འཇུག་གཉིས་ཀར་མེད་དུ་མི་རུང་བའི་ཁྲི་སྒོ་བཅུ་གཉིས་རྣམ་པ་བདུན་གྱིས་གཏན་ལ་ཕབ་པའི་ནང་གསེས་ཤིག་སྟེ། ཡས་མས་སྡེབ་པ་ཞེས་པ་ལུས་དབང་གི་ཁམས་གཅིག་པའི་ཁྱིམ་མཚེས་རང་ལོ་ཡིན་པའི་བུ་བུ་མོ་ཕན་ཚུན་གཉེན་སྡེབ་བྱེད་པ་ལ་ཟེར་བ་ཡིན། འདིར་ཡང་ལུས་དབང་ནང་ཚན་གཅིག་པའི་རིགས་གཅིག་དང་། ལུས་དབང་བཞི་ཀ་གཅིག་པའི་རིགས་གཅིག་བཅས་གཉིས་ཡོད་ཅིང་། དེ་ལྟར་ལུས་དབང་སོ་སོར་འབྱུང་བ་ནང་ཕྲད་ཀྱི་འབྲས་བུ་ནི་ཤིང་གཉིས་ནང་ཕྲད་འཕྲོག་འདེད་ཡིན་པས་ངན་པ་དང་། མེ་གཉིས་ནང་ཕྲད་འབར་ཞིང་དྲོ་བས་བཟང་བ། ས་གཉིས་ནང་ཕྲད་ས་མཁར་བརྩིགས་པ་ལེགས་པ། ལྕགས་གཉིས་ནང་ཕྲད་བརྡར་ཞིང་གཅོད་པས་ངན་པ། ཆུ་གཉིས་ནང་ཕྲད་གང་ཞིང་འབོ་བས་ངན་པ་བཅས་ཡིན། གལ་སྲིད་བག་མག་གཉིས་ཀྱི་དཀྱུས་མ་ལོ་ཤིང་གི་བྱི་གླང་ཡིན་པར་ཆ་བཞག་ན། དབང་ཁམས་གཉིས་ཤིང་དང་ལུས་ཁམས་གཉིས་ལྕགས་ཡིན་པ་གཅིག་པ་ལྟ་བུ་དང་། ཡང་མེ་ཡི་སྟག་ཡོས་ཡིན་པར་ཆ་བཞག་ན། ལུས་དབང་བཞི་ཀ་མེ་ཡིན་པ་གཅིག་པ་ལྟ་བུ་ཡིན།
Domain རྩིས་རིག