40544

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་གཞན་ (1)
Part of speech མིང་ཚིག
Definition རང་ཉིད་དང་གཞན་གཉིས་ཀྱི་བསྡུས་ཚིག་སྟེ།
Example ལས་ཀ་དེ་བདག་གཞན་གཉིས་ཀར་ཕན་པ་ཞིག་རེད། བདག་གཞན་སུ་ཡིན་ཡང་སྡུག་བསྔལ་མི་འདོད་པ་འདྲ་འདྲ་ཡིན་ལྟ་བུ།
བདག་གཞན་ (2)
Part of speech མིང་ཚིག
Definition བོད་ཀྱི་བརྡ་སྤྲོད་པའི་གཞུང་རྟགས་འཇུག་རྩ་བ་དང་འགྲེལ་པ་རྣམས་སུ། བྱ་བ་གང་ཞིག་གི་བྱེད་མཁན་ནམ་བྱེད་པ་པོ་ལ་བདག་དང་། དེའི་བྱ་བའི་ཡུལ་གྱི་དངོས་པོ་ལ་གཞན་ཞེས་པའི་བརྡ་ཆད་སྦྱར་ཡོད།
Example ཤིང་གཅོད་པའི་བྱ་བ་ལྟ་བུར་མཚོན་ན། ཤིང་གཅོད་པ་པོ་ལ་བདག་དང་། གཅད་བྱའི་ཤིང་ལ་གཞན་ཞེས་ཟེར།
Domain སྒྲ་རིག་པ།