40550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་གཞན་བརྗེ་བའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition བདག་གཞན་བརྗེ་བ་སངས་རྒྱས་ཀྱི། །བསྟན་པའི་སྙིང་པོ་ཡིན་པར་གསུངས། །འཕགས་པ་ཀླུ་སྒྲུབ་སྐྱོབ་ཉིད་ཀྱིས། །རིན་ཆེན་ཕྲེང་བར་འདི་སྐད་གསུངས། །བདག་ལ་དེ་དག་སྡིག་སྨིན་ཅིང། །བདག་དགེ་མ་ལུས་དེར་སྨིན་ཤོག ། སྤྱོད་འཇུག་ལས་ཀྱང་འདི་སྐད་དུ། །བདག་བདེ་གཞན་གྱི་སྡུག་བསྔལ་དག ། ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང། །འཁོར་བ་ན་ཡང་བདེ་བ་མེད། །དེ་སྐད་གསུངས་པ་ལེགས་པར་ཟུངས། །མདོ་དང་བསྟན་བཅོས་གཞན་ལས་ཀྱང། །ཆོས་ཀྱི་སྙིང་པོར་འདི་གསུངས་སོ། །དེས་ན་བདག་གཞན་བརྗེ་བ་ཤེས། །དེ་ནི་མྱུར་དུ་རྫོགས་འཚང་རྒྱ། །དེ་ཡི་བར་དུའང་འཇིག་རྟེན་གྱི། །ཕུན་སུམ་ཚོགས་པ་འབྱུང་བར་གསུངས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། མདོར་ན་བློ་ལ་འདོད་མི་འདོད། །གཉིས་སུ་ཕྱེ་བའི་འདོད་པ་ཀུན། །གཞན་ལ་སྟེར་ཞིང་མི་འདོད་ཀུན། །རང་ལ་ལེན་པར་གོམས་པ་ནི། །མདོ་སྡེ་དབྱུག་གསུམ་ཕྲེང་བ་དང། །བསྟན་བཅོས་བསླབ་བཏུས་སྤྱོད་འཇུག་སོགས། །དགོངས་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་ཁ་སྐོང་ལེགས་བཤད་འོད་ཀྱི་སྣང་བ་ལས་སོ། ། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་ཡང་དག་པ་ཉིད་དུ་བརྗེ་བ་མ་བྱས་ན། མཐར་ཐུག་སངས་རྒྱས་མི་འགྲུབ་ཅིང། གནས་སྐབས་འཁོར་བ་ན་ཡང་མངོན་མཐོའི་བདེ་བ་ཕུན་སུམ་ཚོགས་པ་མེད་པ་དེ་སྐད་གསུངས་པ་ལེགས་པར་ལུང་ཚད་མར་བཟུང་རིགས་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།