4057
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཉེས་བྱས་སྡེ་ཚན་གསུམ་པ་ཁྱིམ་ན་འདུག་པའི་སྡེ་ཚན་ནི། དགེ་སློང་གིས་སྟན་ལ་འདུག་པ་ན་རྐང་པས་མི་མཛེས་པ་སོགས་ཉེས་པར་བྱས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེ་ལ་དབྱེ་ན། འདུག་པར་བྱ་བ་དགུ་དག་དང་། ཞེས་གསུངས་པ་ལྟར། པཎ་ཆེན་འདུལ་བ་ལས། གཞན་གྱིས་མ་བསྒོ་པར་སྟན་ལ་འདུག་པ་དང་། སྲོག་ཆགས་ཡོད་མེད་མ་བརྟགས་པར་སྟན་ལ་འདུག་པ་དང་། ལུས་ལྗིད་ཕབ་སྟེ་འདུག་པ་དང་། རྐང་པའི་སྟེང་དུ་རྐང་པ་བཞག་སྟེ་འདུག་པ་དང་། བརླའི་སྟེང་དུ་བརླ་བཞག་སྟེ་འདུག་པ་དང་། ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་འདུག་པ་དང་། རྐང་པ་ཁྲི་ལ་སོགས་པའི་འོག་ཏུ་བཀུག་ཅིང་འདུག་པ་དང་། བྱིན་པ་དང་རྐང་པ་གཉིས་བར་ཐག་རིང་དུ་བྱས་ཏེ་འདུག་པ་དང་། འདོམས་སྣང་བར་བྱས་ཏེ་འདུག་པ་རྣམས་ལ་ཉེས་བྱས་ཏེ་དགུ་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |