40581
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་པའི་ཆུ་འབྲུག་ཕྱི་ལོ ༡༥༩༢ ལོར་ས་སྐྱར་ཡབ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང་། ཡུམ་བསོད་ནམས་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་། སུམ་རྟག་དག་གསུམ་ལ་ལེགས་པར་སྦྱངས། འཇམ་དབྱངས་སྐུ་མཆེད་དང་། ཐར་རྩེ་ནམ་མཁའ་དཔལ་བཟང་སོགས་ལས་ཡབ་མེས་ཀྱི་བཀའ་ཆོས་དང་། མདོ་རྒྱུད་བསྟན་བཅོས་ཀྱི་དབང་ལུང་མན་ངག་མང་དུ་གསན། བདེ་ཀྱེ་ཕུར་པ་སོགས་ཀྱི་དུས་དང་གྲངས་ཀྱི་བསྙེན་པ་མཐར་ཕྱིན། ཉེར་དྲུག་པ་རབ་བྱུང་བཅུ་པའི་མེ་སྦྲུལ་ཕྱི་ལོ ༡༦༡༧ ལོར་དཔལ་ལྡན་ས་སྐྱའི་གདན་སའི་ཁྲིར་བཞུགས། ཆོས་སྲིད་གཉིས་ཀྱི་ལོ་ངོ་གསུམ་རིང་བསྐྱངས། ཉེར་དགུ་པ་རབ་བྱུང་བཅུ་པའི་ལྕགས་སྤྲེལ་ཕྱི་ལོ ༡༦༢༠ ལོར་གཞི་ཐོག་བླ་བྲང་དུ་སྐུ་གཤེགས། ས་སྐྱའི་གདན་ས་ཆེན་པོའི་ཁྲི་རབས་ཉེར་ལྔ་པ་ཡིན། |