40582

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་མེ་བྱ་ཕྱི་ལོ ༡༥༩༧ ལོར་ས་སྐྱར་ཡབ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང་། ཡུམ་བསོད་ནམས་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་སློང་གི་སྡོམ་པ་རིམ་གྱིས་བཞེས་མོད། ས་སྐྱའི་གདུང་རྒྱུད་སྤེལ་ཕྱིར་བཙུན་མོ་ཁབ་ཏུ་བཞེས། བཤེས་གཉེན་རྣམས་དད་གསུམ་གྱི་སྒོ་ནས་བསྟེན། སྤྱིར་མདོ་རྒྱུད་ཀྱི་བསྟན་བཅོས་རྣམས་དང་། སྒོས་སུ་དཔལ་ལྡན་ས་སྐྱ་པའི་གསུང་ངག་ལམ་འབྲས་དང་བཅས་པར་སྦྱངས། ཉེར་དགུ་པ་རབ་བྱུང་བཅུ་པའི་ལྕགས་བྱ་ཕྱི་ལོ ༡༦༢༡ ལོར་དཔལ་ལྡན་ས་སྐྱའི་གདན་སའི་ཁྲིར་བཞུགས། ཆོས་སྲིད་གཉིས་ཀྱིས་ལོ་ངོ་སུམ་ཅུ་ལྷག་རིང་བསྐྱངས། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་ས་སྐྱའི་རིང་ལུགས་གོང་འཕེལ་མཛད། སོ་བརྒྱད་པ་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་དང་། ཞེ་ལྔ་པར་དག་ཡིག་མི་དབང་རབ་གསལ་སྣང་བ། ཞེ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་ཕྱི་ལོ ༡༦༤༡ ལོར་མགོན་པོ་གུར་གྱི་ཆོས་འབྱུང་བཅས་བརྩམས། འདས་ལོ་མི་གསལ། ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་བཅུ་པ་དང་། ས་སྐྱའི་གདན་ས་ཆེན་པོའི་ཁྲི་རབས་ཉེར་དྲུག་པ་ཡིན། མཚན་གཞན། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན།