40583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ཆེན་ངག་དབང་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཡབ་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དང་། ཡུམ་མ་གཅིག་ཧོར་མོ་ཚེ་བརྟན་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་ལོ་མི་གསལ། ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་ཡིན། གཞོན་དུས་ནས་རབ་ཏུ་བྱུང། གཅེན་པོ་ས་ལོ་དང་། ཡོངས་འཛིན་དཀོན་མཆོག་འཕེལ་བ། མུས་ཆེན་སངས་རྒྱས་རིན་ཆེན་སོགས་མཁས་གྲུབ་མང་པོར་བསྟེན། ཡབ་མེས་ཀྱི་བཀའ་ཆོས་དང་། མདོ་སྔགས་རིག་གནས་དང་བཅས་པ་དཔྱིས་ཕྱིན་པར་སྦྱངས། མཁན་ཆེན་བསོད་ནམས་ལྷུན་གྲུབ་ལས་བསྙེན་པར་རྫོགས། དབང་ལུང་མན་ངག་མང་དུ་ཞུས། ཐུབ་བསྟན་རྣམ་རྒྱལ་གླིང་དང་། དཔལ་རྣམ་དགའ་བ་གདོང་གི་གདན་ས་གཉིས་བཟུང་། མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། འདས་ལོ་མི་གསལ། གསུང་རྩོམ་ནི་བླ་མ་ལ་བརྟན་བཞུགས་འབུལ་ཚུལ་སོགས་འགའ་ཞིག་མཛད།