40584

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ཆེན་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ས་ཕག་ཕྱི་ལོ ༡༣༥༩ ལོར་ས་སྐྱར་ཡབ་ཝང་གྲགས་པ་རྒྱལ་མཚན་དང་། ཡུམ་མ་གཅིག་སྲས་འདྲེན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས་རབ་ཏུ་བྱུང། ཕར་ཕྱིན། མངོན་པ། ཚད་མ། གསང་སྔགས་གསར་རྙིང་། ལྷག་ཏུ་དུས་འཁོར་སོགས་ཐུགས་སུ་ཆུད་པར་གསན། ས་སྐྱའི་རིན་ཆེན་སྒང་བླ་བྲང་དང་། སེང་གེ་སྒང་གི་གདན་སར་བསྐོས། གདུང་རྒྱུད་གཞན་ལ་མེད་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དབུ་ཞྭ་དང་། ཤེས་དམ་གླིང་དྲུག་མ། ཏཱི་ཤྲཱི་ཀུན་དགའ་བློ་གྲོས་ཀྱི་ཤེལ་དམ། འགྲོ་མགོན་ཕྱག་ནའི་གསེར་དམ་འཁོར་དང་བཅས་པ་ཐམས་ཅད་བདག་ཆེན་འདི་ཉིད་ལ་ཡོད་པར་བཤད། འཇིག་རྟེན་བྱ་བར་མི་འཇུག་པར་ཐུགས་དམ་ལ་གཞོལ། བདུན་ཅུ་པ་རབ་བྱུང་བདུན་པའི་ས་སྤྲེལ་ཕྱི་ལོ ༡༤༢༨ ལོར་གཡས་རུ་སྲིན་པོ་རིའི་རྣམ་རྒྱལ་སྒང་གི་གཟིམས་ཁང་དམར་མོར་སྐུ་གཤེགས།