40585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ཆེན་ནམ་མཁའ་ལེགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཤིང་སྦྲུལ་ཕྱི་ལོ ༡༣༠༥ ལོར་ས་སྐྱའི་ལྷ་རྩེར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་མཁས་པ་ནོར་བཟང་དཔལ་བ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། འཁོར་ལོ་ཆེན་པོའི་མངོན་རྟོགས་སོགས་རྩོམ་པ་ཡང་ཅི་རིགས་གནང་། ཡབ་མེས་ཀྱི་ཆོས་ལ་སྦྱངས། ཉེར་གཅིག་པར་དཔལ་ལྡན་ས་སྐྱའི་གདན་སའི་ཁྲིར་བཞུགས། ལོ་བཅུ་དགུའི་རིང་གདན་ས་ལོ་བཅུ་དགུའི་རིང་བསྐྱངས། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ཀུ་ཤ་ལ་གོ་ཐུག་རྒྱལ་པོས་ཀུན་ཏིང་གུ་ཤྲཱིའི་ཆོ་ལོ་དང་། ཤེལ་དམ་བཅས་པ་ཕུལ། སོ་དགུ་པ་རབ་བྱུང་དྲུག་པའི་ཆུ་ལུག་ཕྱི་ལོ ༡༣༤༣ ལོར་གཞི་ཐོག་གཟིམས་ཁང་དུ་སྐུ་གཤེགས། གཞི་ཐོག་བླ་བྲང་གི་གདན་རབས་དང་པོ་དང་། ས་སྐྱའི་གདན་སའི་ཁྲི་རབས་བཅུ་གཅིག་པ་ཡིན། མཚན་གཞན། མཁས་བཙུན་ནམ་མཁའ་ལེགས་པའི་རྒྱལ་མཚན།