40586

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ཆེན་བཟང་པོ་དཔལ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཆུ་ཁྱི་ཕྱི་ལོ ༡༢༦༢ ལོར་བོ་དོང་ཨེར་ཡབ་སློབ་དཔོན་ཡེ་ཤེས་འབྱུང་གནས་དང་། ཡུམ་ཇོ་མོ་འབུམ་མེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་དྲུག་པར་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་མཇལ། ཆོས་མང་དུ་གསན། ཉེར་གཅིག་པར་གོང་མས་རེ་ཞིག་བརྟག་པའི་ཕྱིར་དུ་སྨན་རྩེར་བརྫངས། དེར་བཞུགས་དུས་རྒྱ་མོ་ཞིག་དང་འགྲོགས་པས་དབང་བསོད་ནམས་བཟང་པོ་འཁྲུངས། ཉེར་བདུན་པར་དྷརྨ་པཱ་ལ་སྐུ་གཤེགས། ས་སྐྱའི་གདུང་བརྒྱུད་ཆད་ཉེའི་སྐབས། ཡར་འབྲོག་དཔོན་ཆེན་ཨག་གླེན་དང་། ཁམས་པ་དབོན་ནག་གཉིས་གཙོས་ས་སྐྱའི་བཀའ་གྲོས་ལྷན་དུ་གོང་མའི་ཕོ་བྲང་དུ་བཞུགས་པའི་ཏཱི་ཤྲཱི་གྲགས་པ་འོད་ཟེར་་ལ་ཞུ་ཡིག་ཕུལ། ཏཱི་ཤྲཱི་གྲགས་པ་འོད་ཟེར་དང་། གུ་ཤྲཱི་ཤེས་རབ་དཔལ། མི་ཆེན་ཨོ་བུ། སྒ་ཨ་གཉན་དམ་པ་སོགས་ཀྱིས་གོང་མར་ཞུས། བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་གདུང་རྒྱུད་སྤེལ་ཆོག་བཀའ་ལུང་བསྩལ། དེ་རྗེས་སྨན་རྩེ་ནས་ཕོ་བྲང་དུ་གདན་དྲངས་ཏེ་དབུ་བླར་བཀུར། སོ་ལྔ་པར་གོང་མས་སྲས་མོ་ཞིག་ཀྱང་བཙུན་མོར་གནང་། སོ་བདུན་པར་བོད་དུ་ཕེབས། མདོ་སྔགས་རིག་གནས་ཀུན་ལ་ཐུགས་གཉེར་མཛད། ཞེ་ལྔ་པར་གདན་སར་བཞུགས། ཆོས་སྲིད་གཉིས་ཀྱི་སྒོ་ནས་བསྐྱངས། ང་གཉིས་པར་བསྙེན་པར་རྫོགས། མཚན་ལ་ཨ་མོ་གྷ་དྷྭ་ཤྲཱི་པ་ཞེས་གསོལ། འདི་ཡན་ལ་རྒྱ་མོ་མུ་དྷན་གན་དང་། དབུས་གཙང་སོགས་ནས་བཙུན་མོ་བདུན་བཅས་ཁབ་ཏུ་བཞེས། སྲས་དང་སྲས་མོ་མང་དུ་འཁྲུངས། རེ་གསུམ་པ་རབ་བྱུང་ལྔ་པའི་ཤིང་བྱི་ཕྱི་ལོ ༡༣༢༤ ལོར་གཞི་ཐོག་བླ་བྲང་དུ་སྐུ་གཤེགས། ས་སྐྱའི་གདན་སའི་ཁྲི་རབས་བཅུ་པ་ཡིན།

{{#arraymap:བདག་ཆེན་བཟང་པོ་དཔལ་བ་

|; |@@@ | | }}