40587

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ཆེན་བློ་གྲོས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཤིང་བྱི་ཕྱི་ལོ ༡༤༤༤ ལོར་ཤབ་དགེ་ལྡིང་གི་ལྕམ་མོ་གཡང་གྲོང་དུ་ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་། ཡུམ་ཁྲོ་མདའ་བའི་སྲས་མོ་མ་གཅིག་དཔལ་འབྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་དགེ་ལྡིང་བླ་བྲང་དུ་འཇམ་དབྱངས་དཀོན་མཆོག་བཟང་པོ་ལས་རབ་ཏུ་བྱུང་། མཚན་ལ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། བརྒྱད་པར་གཅེན་པོ་ཤེས་རབ་རྒྱལ་མཚན་དང་མཉམ་དུ་ས་སྐྱར་ཁྲི་འདོན་མཛད། བཅུ་པ་ནས་བཅུ་གསུམ་བར་འཇམ་དབྱངས་དཀོན་མཆོག་བཟང་པོ་ལས་ཚད་མ་རྣམ་འགྲེལ་དང་། དུས་འཁོར་གྱི་དབང་སོགས་མདོ་སྔགས་ཀྱི་དབང་ཁྲིད་ཞུས། བཅུ་བཞི་པར་མུས་ཆེན་དཀོན་མཆོག་རྒྱལ་མཚན་ལས་དགེ་ཚུལ་གྱི་སྡོམ་པ་མནོས། བཅུ་དགུ་པར་ས་སྐྱའི་གདན་སར་ཕེབས། རྩིས་བཞེས་མཛད། ཉེར་གཅིག་པར་མུས་ཆེན་སེམས་དཔའ་ཆེན་པོས་མཁན་པོ་དང་། ཞྭ་ལུ་བ་སངས་རྒྱས་དཔལ་བཟང་གིས་ལས་སློབ། སློབ་དཔོན་སླེ་ཆུང་དཀོན་མཆོག་བློ་གྲོས་ཀྱིས་གསང་སྟོན་མཛད། བསྙེན་རྫོགས་ཀྱི་སྡོམ་པ་མནོས། དཔོན་སློབ་ཉུང་ཤས་དང་བཅས་ཁམས་ཕྱོགས་སུ་ཕེབས། ལོ་ངོ་ལྔ་ཙམ་བཞུགས། གདུལ་བྱ་མང་པོར་ཆོས་འཁོར་བསྐོར། སླར་ཡང་གདན་ས་ཆེན་པོར་ཕེབས། ཉེར་བརྒྱད་པར་བཞི་ཐོག་བླ་བྲང་གི་ཆོས་གཞིས་གཅེན་པོར་ཕུལ། བྱ་བྲལ་ཁོ་ནར་ཐུགས་གཏད། ནོར་བུ་ཁྱུང་རྩེ་དང་། འཕན་པོ་ན་ལེནྡྲར་བརྒྱུད་ས་སྐྱར་བྱོན། ང་གཉིས་པ་རབ་བྱུང་བརྒྱད་པའི་ཤིང་ཡོས་ཕྱི་ལོ ༡༤༩༥ ལོར་སྐུ་གཤེགས། ས་སྐྱ་དགོན་པའི་ཁྲི་པ་ཉི་ཤུ་པ་ཡིན།
Synonyms རྒྱ་དཀར་བློ་གྲོས་རྒྱལ་མཚན།

{{#arraymap:བདག་ཆེན་བློ་གྲོས་རྒྱལ་མཚན་

|; |@@@ | | }}