From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བདག་ཉིད་ཆེན་པོའི་གཏན་ཚིགས་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། མ་ཧཱ་ཡོ་གའི་ལྟ་བ་གཏན་ལ་འབེབས་པར་བྱེད་པའི་གཏན་ཚིགས་ཀྱི་བྱེ་བྲག་ལས། ཚིག་དོན་མཐུན་པའི་གཏན་ཚིགས་ཀྱི་ནང་གསེས་ཤིག་སྟེ། ཐེག་དགུ་སྤྱི་ཆིངས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ལས། ཚིག་དོན་མཐུན་པའི་གཏན་ཚིགས་ལ། ཚད་མ་བཀའ་གཞུང་གི་གཏན་ཚིགས། སྒྲ་མཐུན་དོན་དཔག་གི་གཏན་ཚིགས། གཅིག་དང་དུ་བྲལ་གྱི་གཏན་ཚིགས། བདག་ཉིད་ཆེན་པོའི་གཏན་ཚིགས་སོ། །ཞེས་དང་། རྒྱུད་གསང་བ་སྙིང་པོའི་ལྟ་བའི་སྐབས་ཀྱི་གཏན་ཚིགས་རྣམས་རིགས་པས་བསྒྲུབས་ཏེ་ངག་དོན་དུ་བཀོད་པ་ལས། སྣང་ལུགས་དུ་མར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། གནས་ལུགས་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་གཅིག་ཏུ་ངེས་པ་ཡིན་ཏེ། གནས་ལུགས་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་དེ་ལྟར་གྲུབ་པའི་ཕྱིར་རོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
བདག་ཉིད་ཆེན་པོའི་གཏན་ཚིགས་ (2)
| Part of speech
|
མིང་ཚིག
|
| Definition
|
ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་མན་ངག་གཏན་ལ་འབེབ་པའི་གཏན་ཚིགས་གསུམ་དུ་གསུངས་པའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལྟ་བུའི་ངང་དང་རང་བཞིན་གཉིས་སུ་མེད་པའི་དོན་འདིར་ཐེ་ཚོམ་ཆད་ནས་ཐབས་ཁྱད་པར་ཅན་གྱིས་རྟོགས་པའི་གདེངས་རྙེད་དེ་རང་བཞིན་ངང་དུ་ཕེབས་པས། དངོས་པོ་ཐ་དད་པ་ཐམས་ཅད་རང་བྱུང་ཡེ་ཤེས་བདག་ཉིད་ཆེན་པོའི་ངོ་བོར་གཅིག་ཏུ་མཐུན་པར་རང་སྣང་ཞིང་ལྷག་པའི་ཆོས་སྐུ་ཆེན་པོར་གསལ་བ་ལ་དབྱེར་མེད་མཚོན་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ཞེས་བྱ་སྟེ། ཕྱོགས་ཐ་དད་པའི་ཡུལ་དུས་ཀྱི་སྣང་བའི་རིས་དང་བྲལ་བའོ། །ཞེས་གསུངས།
|