40642

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་མེད་ (1)
Part of speech མིང་ཚིག
Definition སུ་ལའང་མི་དབང་བའམ། ཁོངས་གཏོགས་ཅི་ཡང་མེད་པའི་དོན་ཏེ།
Example བདག་མེད་རི་དྭགས་བསད་ན་ཁྲིམས་འགལ་ཡིན། བདག་མེད་ཁྱི་རྒན་ལྟ་བུ།
Antonyms བདག་ཡོད།
བདག་མེད་ (2)
Part of speech མིང་ཚིག
Definition ལྟ་གྲུབ། མདོ། བྱེ་སྨྲ་ལྟར་ན། བདག་མེད་ཀྱི་དོན་ནི་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དང་། སྡུག་བསྔལ་བདེན་པའི་རྣམ་པ་བཞིའི་ནང་གི་བདག་མེད་ནི་འདུས་བྱས་སུ་འདོད་དེ། མཆིམས་མཛོད་ལས། གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་རྣམ་པ་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་བདག་མེད་པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་སྡེ་པ་དག་གིས་མི་འདོད་ལ། གང་ཟག་གི་བདག་མེད་ནི་བདེན་བཞིའི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ལ་འདོད་པས་ན། འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་སོར་བརྟགས་འགོག་གི་ངོ་བོ་ཉིད་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། །ཞེས་དང། སེར་སྨད་རྒྱལ་དབང་མཛོད་ལས། བདེན་བཞི་མི་རྟག་ལ་སོགས་རྣམ་པ་བཅུ་དྲུག་གི་ནང་ནས་འགོག་བདེན་གྱི་རྣམ་པ་བཞི་ནི་སོ་སོར་བརྟགས་འགོག་ཡིན་ལ། བདེན་པ་གཞན་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་སུ་བཤད་པས་སྟོང་བདག་མེད་གཉིས་ཀྱང་འདུས་བྱས་སུ་འདོད་ལ། དེ་ལྟ་ན་ཐག་ཁྲ་སྦྲུལ་གྱིས་སྟོངས་པ་དང༌། སྡུག་བསྔལ་རྟག་པས་སྟོངས་པ་སོགས་ཀྱང་འདུས་བྱས་སུ་འདོད་དགོས་ལ། ཞེས་གསུངས། དོན་གཅིག་ལ། བདག་མེད། གང་ཟག་བདག་མེད། གང་ཟག་རྫས་ཡོད་ཀྱིས་སྟོང་པ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་རྣམས་སོ།།
Domain ཆོས་ལུགས།