4066
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ། ཁྱིམ་པས་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པའི་སེམས་ཅན་རྣམས་ཀྱི་མངོན་པར་བྱུང་བའི་སེམས་དང་རབ་ཏུ་བྱུང་བའི་སེམས་དང༌། འཕགས་པའི་ལམ་གྱི་སེམས་ཀྱི་བར་ཆད་བྱེད་པ་འདི་ནི་དང་པོའོ། །ཁྱིམ་པ་དབང་ཕྱུག་གི་གནས་ན་འདུག་ཅིང་ནོར་ལ་ཆགས་པ་དང་བུ་ལ་ཆགས་པས་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང༌། བུ་ཕོ་དང༌། བུ་མོའམ། ཆུང་མའམ། གཉེན་གྱི་ཚོགས་རབ་ཏུ་བྱུང་བའི་བར་ཆད་བྱེད་པ་འདི་ནི་གཉིས་པའོ། །ཁྱིམ་པ་དམ་པའི་ཆོས་སྤོང་བ་ཡིན་ཏེ། དེས་མ་ཐོས་པའི་ཆོས་རྣམས་ཐོས་ན། མ་དད་ཅིང་སྤོང་བར་བྱེད་པ་འདི་ནི་གསུམ་པའོ། །ཁྱིམ་པ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་ཀུན་ནས་མནར་སེམས་དང༌། ཐ་བའི་སེམས་མང་བ་ཡིན་ཏེ། འདི་ནི་བཞི་པའོ། ། |
| Domain | ཆོས་ལུགས། |