40664
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བདག་མེད་མའི་ནང་ཁྲིད་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གྱ་གཅིག་པ་ཡིན། བརྗོད་བྱ་ནི། རང་ཉིད་བདག་མེད་མའི་སྐུར་གསལ་ཞིང་། རྩ་རླུང་ཐིག་ལེ་སྒོམ་པའི་རིམ་པ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། བཅོམ་ལྡན་རྡོ་རྗེ་འཆང་དང་བདག་མེད་མ། སུ་ཁ་སིདྡྷི་ཨཱ་རྻ་དེ་བ་དང་། ཁྱུང་པོ་རྨོག་ལྕོགས་སྐྱེར་སྒང་གཉན་སྟོན་པ། སངས་རྒྱས་སྟོན་པ་གཙང་པ་ཤངས་སྟོན་ཞབས། ཚུལ་ཁྲིམས་མགོན་པོ་རི་ཁྲིད་རས་ཆེན་པ། ཤངས་དཀར་རིན་རྒྱལ་སངས་རྒྱས་དཔལ་བཟང་པོ། ནམ་མཁའ་རྒྱལ་མཚན་རྒྱ་སྒོམ་ལེགས་རྒྱལ་བ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཁྱུང་པོའི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |