40673
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གསུམ་པའི་སྟོད་དུ་ཡབ་གསེར་སྡིངས་པ་གཞོན་ནུ་འོད་དང་། ཡུམ་མགར་བཙུན་མ་ཤེས་རབ་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་ལེགས་པར་མཁྱེན། འགྲོ་བའི་མགོན་པོ་འཕགས་པ་ལས་མངོན་པར་འགྱུར་གྱི་ཆོས་རྣམས་གསན། བློ་སྐྱོར་མཛད་ཐུབ་པར་མི་ཀུན་ཧ་ལས། རབ་ཏུ་བྱུང། མཚན་ལ་ཆོས་ཀྱི་འོད་ཟེར་ཞེས་གསོལ། འགྲོ་མགོན་འཕགས་པས་ཀྱང་ཆོས་སྐུ་འོད་ཟེར་དུ་མཚན་གསོལ། ཆོས་ཀྱི་གྲྭ་ས་སོགས་གང་དུ་བྱོན་ཀྱང་ཆོས་ཀུན་ལན་རེས་འཛིན་པའི་ཤེས་རབ་ཞིག་ཡིན། |