40683
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྟུང་བ་དངོས་གཞི་བསྐྱེད་པ་ལ་ཡོ་བྱད་རང་ཉིད་ལ་དབང་བ་ལ་དབང་བར་འདུ་ཤེས་པ་ཡན་ལག་ངེས་བཟུང་དུ་དགོས་པའི་ལྟུང་བ་ཞིག དེའི་གྲངས་དང་དངོས་གཞི་བསྐྱེད་མི་བསྐྱེད་པའི་ཁྱད་པར་ལྟུང་མེད་དུ་འགྱུར་ཚུལ་སོགས་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ། །ཞེས་སོགས་ཀྱི་བདག་པོ་དང་འབྲེལ་བའི་ཐུན་མོང་བ་བསྟན་ཏེ། སྤྱིར་བདག་འབྲེལ་གྱི་ལྟུང་བ་དེ་ལ། འཆང་འཇོག་འཁྲུར་འཇུག་བཅུ་ཚན་བར་པ་དང་། སྣོད་འཆང་འཐག་འཇུག་རས་ཆེན་བརྟད་མཐའ་སྟེ་བཅོ་བརྒྱད་ཡོད་པ་ལས་ཐམས་ཅད་ལ་ཡོ་བྱད་རང་ཉིད་དབང་བ་ལ་དབང་བར་འདུ་ཤེས་པ་དངོས་གཞི་བསྐྱེད་པའི་ཡན་ལག་ཏུ་དགོས་པར་བསྟན་པའི་ཕྱིར། དེ་དགོས་པའང་ཡིན་ཏེ། གཞན་གྱི་རྫས་ལ་གཞན་གྱི་ཡིན་པར་འདུ་ཤེས་ན་དངོས་གཞི་མི་སྐྱེད། རང་གི་ལ་གཞན་གྱི་ཡིན་པར་འདུ་ཤེས་ནའང་མི་སྐྱེད། གཞན་གྱི་ལ་རང་གཞིར་འདུ་ཤེས་ནའང་མི་སྐྱེད་པའི་ཕྱིར། དང་པོ་གྲུབ་སྟེ། འཆང་བ་གཉིས་དང་། ཟླ་འཇོག་དང་། རས་ཆེན་བཞག་ཕྱིས་དང་། དབྱར་རྙེད་བགོས་ཕྱིས་དང་བཅས་པ་ལྔ་ལ་དེར་འདུ་ཤེས་ན་ལྟུང་མེད་དང་། རིན་པོ་ཆེ་ལ་རེག་པ་ལ་དེར་འདུ་ཤེས་ན་སྤང་ལྟུང་ལས་གཞན་ལྟུང་བྱེད་འབའ་ཞིག་པར་འགྱུར་བ་དང་། བཅུ་ཚན་དང་པོའི་འཁྲུར་འཇུག་པ་དང་། བཅུ་ཚན་བར་པའི་རིན་པོ་ཆེ་ལ་རེག་པ་མ་གཏོགས་དགུ་དང་། བཅུ་ཚན་ཐ་མའི་ཐག་འཇུག་དང་། གསོག་འཇོག་རྣམས་ལ་དེར་འདུ་ཤེས་ན་རང་རང་གི་ན་སྨད་དུ་འགྱུར་བའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |