40686

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་འཛིན་གྱི་ས་མཚམས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་པའི་ང་དང་། ངར་འཛིན་ཅན་གྱི་སེམས་ཅན་དང་། གང་ཟག་གི་བདག་འཛིན་ཅན་གྱི་སེམས་ཅན་དང་། ལས་ཉོན་གྱི་འཆིང་བ་ལས་མ་གྲོལ་བའི་སེམས་ཅན་དང་། འཁོར་བའི་འཆིང་བ་ལས་མ་གྲོལ་བའི་སེམས་ཅན་རྣམས། བྱེད་པའི་སྐྱེས་བུར་གྱུར་པའི་བདག་དང་དོན་གཅིག་ཅིང་། ས་མཚམས། སོ་སྐྱེ་ཐ་མལ་པ་ནས་བཟུང་སྟེ་དགྲ་བཅོམ་རྟོགས་པ་མ་ཐོབ་ཀྱི་བར་གྱི་ཐེག་དམན་སློབ་པ་མཐའ་དག་དང་། བྱང་སེམས་ལ་ཡང་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་མ་སོང་བའི་ཚོགས་ལམ་ཆུང་ངུ་ནས། སྦྱོར་ལམ་ཆོས་མཆོག་ཆེན་པོའི་བར་ཐམས་ཅད་བྱེད་པའི་སྐྱེས་བུ་གྱུར་པའི་བདག་ཉིད་ཡིན་ཏེ། དེ་དག་གི་རྒྱུད་ལ་ངར་འཛིན་ལྷན་སྐྱེས་མངོན་གྱུར་དང་། དབང་ལྡན་ཅི་རིགས་པའི་ཚུལ་དུ་ཡོད་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་དབུ་མ་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།