40692
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཇོ་ནང་། མདོ་ནས་བདག་མེད་པར་གསུངས་པ་དང་ཡང་འཁོར་ལོ་ཐ་མ་སོགས་ནས་བདག་ཡོད་པར་གསུངས་པའི་དགོངས་གཞི་འགལ་མེད་ཡིན་ཚུལ་སྟེ། རི་ཆོས་ལས། སྔར་གདུལ་བྱའི་དབང་གིས་ཐར་པ་ལ་སོགས་པ་ཐམས་ཅད་མེད་ཅིང་སྟོང་པ་དང་། བདག་མེད་པ་ལ་སོགས་པར་གསུངས་པ་ནི། གང་ཞིག་གང་ན་མེད་པ་ལ་དགོངས་པ་ཡིན་ལ། ཕྱི་ནས་མི་སྟོང་པ་དང་བདག་ཡོད་པ་ལ་སོགས་པར་གསུངས་པ་རྣམས་ནི་མེད་པའི་ལྷག་མ་གང་ཡིན་པ་ལ་དགོངས་པ་ཡིན་པས་གསུང་རབ་སྔ་ཕྱི་འགལ་འདྲ་ཡང་ལེགས་པར་བརྟགས་ན་མི་འགལ་བ་ནི་མེད་དགག་གི་གཞི་ལ་མ་ཡིན་དགག་ཡོད་པའི་ཕྱིར་དང་། སྐྱོན་ཐམས་ཅད་ཀྱིས་གདོད་ནས་རང་བཞིན་གྱིས་དག་ཅིང་སྤངས་པའི་གཞི་ལ་གཉུག་མའི་ཡོན་ཏན་ཐམས་ཅད་ཚང་བའི་ཡེ་ཤེས་མཁའ་ཁྱབ་ཡོངས་སུ་གྲུབ་པར་བཞུགས་པའི་ཕྱིར་རོ། །དེས་ན་དགོངས་པ་ཆེན་པོའི་དོན་དང་དགོངས་ཏེ་གསུངས་པ་རྣམས་ཀྱི་དོན་ལ་མཁས་པར་བྱ་དགོས་ཏེ། དཔལ་ལྡན་ས་བཅུ་པའི་མན་ངག་ཉམས་སུ་མྱོང་བ་དང་རྟོན་པ་བཞི་ལ་ཡང་དག་པར་བརྟེན་ནས་སོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |