4070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་མས་ཆོས་འཆད་ཅིང་ཁྱིམ་པ་ཆོས་ཉན་དུ་གཞུག་པའི་གནས་སྐབས་སུ་ཁྱིམ་པའི་སྟན་གདིང་བ་ལ་དགེ་སློང་མས་ལོངས་སྤྱོད་པ་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ་འགྲོ་བ་ལ་འདོམ་བཞི་ཅུ་རྩ་དགུ་འདས་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ཁྱིམ་པ་ཆོས་ཉན་དུ་གཞུག་པའི་ཚེ་ཁྱིམ་པའི་སྟན་རང་གིས་ཡོངས་སུ་སྤྱད་པ་ཁྱིམ་པ་ལ་མ་སྦྲན་པ་བོར་ཏེ་འགྲོ་བ་ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།