40703
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བདག་ཏུ་ལྟ་བ་སྟེ་འཇིག་ཚོགས་ལ་ལྟ་བ་ཉིད་ཡིན་ཞིང་། འཇིག་ཅིང་མི་རྟག་པའི་རང་བཞིན་ཅན་ཕུང་པོ་ཚོགས་ལ་དམིགས་ནས་བདག་ཏུ་འཛིན་པ་ཉིད་ཡིན། སྤྱིར་བདག་ཅེས་པའི་སྐད་དོད་ཨཱ་ཏྨ་པ་ཞེས་ཡིན་ལ། དེ་སྒྲ་ཡངས་པའི་དབང་དུ་བྱས་ན་གང་ལ་ཡང་མ་ལྟོས་པར་ཚུགས་ཐུབ་ཏུ་གནས་པ་ཞིག་ལ་བདག་ཅེས་འཇོག་ཅིང་། དེ་ལྟར་ཆོས་བདག་གི་དབང་དུ་བྱས་པ་དང་། སྒྲ་དོག་པར་ན་ཕུང་པོ་ལ་དམིགས་ནས་ང་བདག་ཏུ་འཛིན་པ་ལ་འཇུག་ཅིང་། དེ་ལྟར་ན་གང་ཟག་གི་བདག་གི་དབང་དུ་བྱས་པའོ་ཞེས་ཤེས་བྱ་ཀུན་ཁྱབ་ལས་གསུངས། |
| Domain | ཆོས་ལུགས། |