40721

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་སྲས་གཞན་སྲས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བདག་སྲས་གཞན་སྲས་ནི་བསྐྱེད་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་ལ་རྒྱས་པ་དང་། འབྲིང་བ་དང་། བསྡུས་པ་དང་། ཤིན་ཏུ་བསྡུས་པ་བཞིར་ཡོད་པ་ལས། དང་པོའི་ཡ་གྱལ་སྒོང་སྐྱེས་སྦྱོང་བྱེད་ཀྱི་བསྐྱེད་རིམ་སྟེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཇི་ལྟར་སྒོང་སྐྱེས་ལན་གཉིས་སྐྱེ་བ་ལྟར། །བདག་སྲས་གཞན་སྲས་རྣམ་པ་གཉིས་སུ་བསྐྱེད། །ཅེས་དང་། འོད་གསལ་སྙིང་པོ་ལས། དང་པོ་བསྐྱེད་རིམ་སྒོམ་པའང་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་བདག་སྲས་གཞན་སྲས། མངོན་བྱང་ལྔ་བསྐྱེད། རྡོ་རྗེའི་ཆོ་ག་བཞི་བསྐྱེད་སོགས་རྒྱས་པ་དང་། འབྲིང་པོ་ཆོ་ག་གསུམ་བསྐྱེད་དང་། བསྡུས་པ་ཨ་ནུ་ལྟར་སྔགས་ཙམ་ལས་བསྐྱེད་པ་དང་། ཤིན་ཏུ་བསྡུས་པ་ཨ་ཏི་ལྟར་སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་བཞིའམ། ཡང་ན་མངལ་སྐྱེས་དང་བརྫུས་སྐྱེས་གཉིས་དང་བསྟུན་ཏེ་རིམ་གྱིས་པ་དང་གཅིག་ཅར་བའི་བསྐྱེད་རིམ་གཉིས་སུ་ཡང་གསུངས་སོ། །ཡང་ན་ནི་སྟོང་པ་ཆེན་པོ་ལ་སོགས་པ་རྣལ་འབྱོར་ལྔའི་རིམ་པས་ཕྱེ་བ་ལྔ་ཡོད་ལ། གཞན་ཡང་སྐུ་གསུང་ཐུགས་མཛད་པར་བཅས་པའི་ཕྱག་རྒྱ་བཞིའི་དོན་ལ་དམིགས་པའི་ཏིང་འཛིན་སོགས་དབྱེ་སྒོ་ཤིན་ཏུ་མང་ཡང་། དོན་ལ་བསྐྱེད་རིམ་གྱི་ཁོངས་སུ་གཏོགས་པ་ཐམས་ཅད་ལ་དེའི་ཏིང་འཛིན་ཞེས་བྱའོ། །ཞེས་གསུངས།
Domain ཆོས་ལུགས།