40742

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདལ་འོད་འབར་བའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་གདན་བསྐྱེད་པ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་ནི་འདི་ལྟར་ཏེ། བཅའ་ལུགས་ནི། མདོ་གཟེར་མིག་ལས། གཡས་པས་སྤར་མོ་གནམ་ལ་བཏེག།གཡོན་པས་ཁུ་ཚུར་ལྟེ་བར་གཏད། ཅེས་སོ། །མཚོན་དོན་ནི། གཡུང་དྲུང་ཀློོང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། བདལ་འོད་འབར་བ་ནི་ཡོན་ཏན་གྱི་མིང་ལ། གཡོན་པ་ལྟེ་བར་གཏད་པ་ནི། རྡུལ་ཚོན་ལ་སོགས་བསྐྱེད་པའི་ས་བོན་ཚུར་སྡུད་པ་དང་། གཡས་པ་གནམ་ལ་བཏེགས་པ་ནི། རང་བཞིན་མེད་པའི་བརྡའོ། །ཞེས་སོ། །
Domain ཆོས་ལུགས།