40759
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འགྲམས་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། རང་ལོ་ལུག་ཡིན་པ་ལྟ་བུ་སོ་སོའི་རང་ལོ་དང་གནས་ཕྱོགས་གཅིག་པའི་སྤར་ཁའི་སྟེང་དུ་ཤི་བ་ལ་ཟེར་བ་ཡིན། དེ་མིན་བབས་སྤར་ལི་ཡིན་པའི་གཤིན་པོ་དག་ཤི་དུས་ཀྱི་ལོ་ཟླ་ཞག་དུས་རྟ་སྦྲུལ་ལྟ་བུ་སྤར་ཁར་ཕྱོགས་མཐུན་ནམ། ཡང་ན་བྱི་ཕག་ལྟ་བུ་སྲོག་ཁམས་སྤར་ཁམས་ཀྱི་དགྲར་འགྲོ་བ་ཡིན་ཡང་བདུད་ཀྱི་ཁོག་འགྲམས་ཡིན་ཞིང་། ཁྱད་པར་དུ་ལོ་སོགས་ཀྱི་དབང་ཐང་ཡང་རྟ་སྦྲུལ་མེ་ལྟ་བུ་སྲོག་ཁམས་དང་མཐུན་པ་བྱུང་ན་ཉེན་ཆེ་བར་བཤད་པ། གལ་སྲིད་གཤིན་པོ་དེ་རིགས་ཀྱི་ཤི་སྒབ་མ་ཆོད་ན། དགྲའི་སྤར་ཁའི་ཉི་དུས་ལ་དགྲ་ལོས་རོ་འཁུར་ནས་དགྲ་ཕྱོགས་སུ་དགྲའི་དུར་གདབ་བྱས་ན་ཕན། |
| Domain | རྩིས་རིག |