40761

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇིག་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ལྷག་པའི་བསམ་པ་ཡང་དག་པར་འཇུག་པ། གཡོ་མ་མཆིས་པ། ཟབ་པ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །
Domain ཆོས་ལུགས།
བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇིག་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (2)
Part of speech མིང་ཚིག
Definition སླུ་བ་མ་མཆིས་པ། བདེན་པའི་ཚིག་དམ་འཆའ་བ། འདུ་ཤེས་ཀྱི་དབང་གི་སྤྱོད་ཡུལ་མ་ལགས་པ། ཆོས་ཐམས་ཅད་མི་འཛིན་པའོ། །
བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇིག་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (3)
Part of speech མིང་ཚིག
Definition དགེ་བའི་བཤེས་གཉེན་ལ་བསྟེན་པ། སྡིག་པའི་གྲོགས་པོ་སྤོང་བ། སྦྱངས་པ་དང་། ཚུལ་ཁྲིམས་དང་། ཡོ་བྱད་བསྙུངས་པ་དང་ལྡན་པ། འདུ་འཛི་མ་མཆིས་པར་སྦྱོར་བའོ། །
བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇིག་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (4)
Part of speech མིང་ཚིག
Definition ཚུལ་ཁྲིམས་མ་ཉམས་པ། ཚུལ་ཁྲིམས་མ་རལ་བ། ཚུལ་ཁྲིམས་མི་བརྟེན་པ། ཚུལ་ཁྲིམས་ནག་ནོག་མ་མཆིས་པའོ། །
བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇིག་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (5)
Part of speech མིང་ཚིག
Definition ཉན་ཐོས་ཀྱི་སེམས་ཡོངས་སུ་སྤོང་བ། རང་སངས་རྒྱས་ཀྱི་སེམས་ལ་ལྷག་པར་མི་དམིགས་པ། བཟོད་པ་ལ་གནས་པ། སེམས་ཅན་ལ་རློམ་སེམས་མ་མཆིས་པའོ། །
བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇིག་པའི་ཏིང་ངེ་འཛིན་ཐོབ་པའི་ཆོས་བཞི་ (6)
Part of speech མིང་ཚིག
Definition སྟོང་པ་ཉིད་ཀྱི་ཆོས་བསྒོམ་ཞིང་གང་ཟག་ལ་རློམ་སེམས་མ་མཆིས་པ། མཚན་མ་མ་མཆིས་པ་བསྒོམ་ཞིང་མཚན་མ་ཡོངས་སུ་སྤོང་བ། སྨོན་པ་མ་མཆིས་པ་བསྒོམ་ཞིང་སྨོན་པའི་སེམས་ཡོངས་སུ་སྤོང་བ། ཆོག་འཚལ་ཞིང་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའོ། །