40765
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་ལ་ཞུགས་པ། མཚན་མ་མེད་པ་ལ་མངོན་པར་ཡིད་ཆེས་པ། སྨོན་པ་མེད་པ་ལ་མངོན་པར་ཡིད་ཆེས་པ། མངོན་པར་འདུ་བྱ་བ་མེད་པར་རབ་ཏུ་ཡིད་ཆེས་པ། དེ་ལ་ཐེ་ཚོམ་དང༌། སོམ་ཉི་མེད་པ། སྐྱེ་བ་མེད་པར་རབ་ཏུ་བརྗོད་པ། ངོ་བོ་ཉིད་མེད་པར་རབ་ཏུ་རྟོགས་པ། ཐབས་མཁས་པས་ཆོས་ཐམས་ཅད་ལ་སོ་སོར་རྟོག་ཅིང་དེ་བཞིན་ཉིད་འཇིག་པར་མི་བྱེད་པ་གང་ཡིན་པའོ། ། |
| Domain | ཆོས་ལུགས། |