40769

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་ཀྱི་བུ་མོ་གསུམ་ (1)
Part of speech མིང་ཚིག
Definition མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ། བུ་མོ་དགའ་བ། བུ་མོ་མི་དགའ་མ། བུ་མོ་སྲེད་མའོ། །
Domain ཆོས་ལུགས།
བདུད་ཀྱི་བུ་མོ་གསུམ་ (2)
Part of speech མིང་ཚིག
Definition མངོན་པར་འབྱུང་བའི་མདོ་ལས་བྱུང་བ་ཁག་གཅིག་སྟེ། བདུད་ཀྱི་བུ་མོ་སྲེད་མ། དགའ་བྱེད་མ། དགའ་སྤྱོད་མའོ། །
བདུད་ཀྱི་བུ་མོ་གསུམ་ (3)
Part of speech མིང་ཚིག
Definition སྐྱེས་རབས་གླེང་གཞི་ལས་བྱུང་བ་ཁག་གཅིག་སྟེ། སྲེད་མ། ཀུན་ཏུ་དགའ་མ། དགའ་མའོ། །
བདུད་ཀྱི་བུ་མོ་གསུམ་ (4)
Part of speech མིང་ཚིག
Definition འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། སེམས་ཅན་ཐམས་ཅད་ལ་མི་ཁྲོ་ཞིང་ཀླན་ཀ་མི་ཚོལ་བ་ཡིན། སེམས་ཅན་ཐམས་ཅད་ལ་མཚུངས་པར་སྦྱིན་གནས་སུ་འདུ་ཤེས་པ། ཆོས་ཐམས་ཅད་ཚུལ་གཅིག་ཏུ་ཡོངས་སུ་རྟོག་སྟེ། འདི་ལྟར་ཆོས་ཐམས་ཅད་ལ་ནམ་མཁའ་དང་མཚུངས་ཤིང་བཅོས་སུ་མེད་པ། ཐ་དད་པ་མ་ཡིན་པ། མ་སྐྱེས་པ། མ་བྱུང་བ། མ་འགག་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྫས་ཀྱི་མཚན་ཉིད་དང་བྲལ་བར་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་པའོ། །