40775

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་ཀྱི་རིས་ཀྱིས་བགེགས་བྱ་བར་མི་ནུས་པའི་ཆོས་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་བདུད་རྩི་བརྗོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། རྒྱུན་མི་འཆད་པར་ཆོས་སྦྱིན་པ། རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ། རྒྱུན་མི་འཆད་པར་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པ། རྒྱུན་མི་འཆད་པར་མཆོད་རྟེན་རྙིང་པ་བཅོས་པ། རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་མོས་པར་བྱེད་པའོ། །
Domain ཆོས་ལུགས།