4079
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སློང་བ་དང་སློང་བ་རིགས་པའི་སྤང་པ་སོགས་ཁྱིམ་པས་བསྐྱེད་པའི་ལྟུང་བ་ལ་ཆོས་འདི་བའི་རབ་བྱུང་རྣམ་དག་མ་ཡིན་པའི་མི་ཡིན་པ་ཙམ་གྱིས་འདིའི་ཡུལ་གྱི་ཡན་ལག་ཏུ་འགྱུར་རམ་ཞེ་ན། མི་འགྱུར་ཞེས་འཆད་པ་ནི། མུ་སྟེགས་ཅན་གྱི་དགེ་སློང་ལ་སོགས་པ་ཕྱི་རོལ་པའི་རབ་ཏུ་བྱུང་བ་དང། ཆོས་འདི་པའི་རབ་བྱུང་དང་བསྙེན་རྫོགས་བླངས་ཀྱང་མ་ཆགས་པ་དང། ཆགས་ཀྱང་ཕམ་པའམ་ཕམ་འདྲའི་རྩ་ལྟུང་གིས་ཉམས་པ་དག་ལས་ནི་ཆོས་གོས་དང་ལྷུང་བཟེད་བླངས་ཏེ་ཐོབ་པ་དང། སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལས་ལྷག་མ་ལེན་པ་སོགས་ལས་སྤང་ལྟུང་སོགས་ཀྱི་ལྟུང་བ་དངོས་གཞི་མི་སྐྱེད་པར་ཕྱེད་ཉིད་དེ་ན་སྨད་པར་འགྱུར་ཏེ། ཕྱི་རོལ་པའི་རབ་བྱུང་སོགས་དེ་དག་ཕྱེད་ཁྱིམ་པ་ཡིན་པའི་ཕྱིར་རོ། །ཞེས་པ་ལ། ཕྱིི་རོལ་པའི་རབ་ཏུ་བྱུང་བ་དང། མ་ཆགས་པ་དང། ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པའོ། །ཞེས་པ་འདི་བྱུང་ངོ་། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |