40792

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་གཅོད་ (1)
Part of speech མིང་ཚིག
Definition བརྩི་བྱ་དག་གི་ལོག་མེན་ལོའི་སྲོག་དང་དབང་ཐང་གི་ཁམས་རང་ལོའི་དེ་གཉིས་ཀའི་ཁམས་ཀྱི་དགྲར་འགྲོ་བ་གང་ཞིག ལོ་འགྲོས་གཉིས་ཀ་ཕོ་ལོའམ་ཡང་ན་མོ་ལོ་ཡིན་པ་ལ་ཟེར་བ་ཡིན། གལ་སྲིད་ལོ་ཁམས་ས་གླང་ཡིན་པའི་བརྩི་བྱ་ཞིག་གི་ལོག་མེན་ལོ་ཤིང་ཡོས་ཡིན་པར་ཆ་བཞག་ན། ལོག་མེན་ལོའི་སྲོག་དང་དབང་ཐང་གི་ཁམས་ཤིང་གི་རང་ལོའི་དེ་གཉིས་ཀྱི་ཁམས་སའི་དགྲར་འགྲོ་བ་གང་ཞིག ལོག་མེན་ལོ་ཡོས་དང་རང་ལོ་གླང་གཉིས་ཀ་མོ་ལོ་ཡིན་པས་བདུད་གཅོད་ཡིན་པ་ལྟ་བུ་དང་། དེ་བཞིན་དུ་ལོ་ཁམས་ས་ཁྱི་དང་ལོག་མེན་ལོ་ཤིང་སྟག་ཡིན་པར་ཆ་བཞག་ན། གོང་བཞིན་ལོག་མེན་ལོའི་སྲོག་དང་དབང་ཐང་གི་ཁམས་རང་ལོའི་དེ་གཉིས་ཀའི་ཁམས་ཀྱི་དགྲར་འགྲོ་བ་མ་ཟད། ལོག་མེན་ལོ་སྟག་དང་རང་ལོ་ཁྱི་གཉིས་ཀ་ཕོ་ལོ་ཡིན་པས་བདུད་གཅོད་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག