40793
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩུབ་རྡེལ་བདུན་ལས་རང་ཀེག་རྩུབ་པའི་བྱེ་བྲག་ཅིག་སྟེ། བརྩི་བྱའི་རང་ལོ་ཤིང་བྱ་ཡིན་པར་ཆ་བཞག་ན། ལྕགས་བྱི་གནམ་ལོར་ཤར་བ་ལྟ་བུ་དང་ཁམས་དགྲར་འགྲོ་བའི་རང་ཀེག་ལ་ཟེར་བ་ཡིན། ཀེག་དུས་དེ་ནི་བརྩི་བྱ་དག་རང་ལོ་སོ་བདུན་དང་གོ་བདུན་བཅས་ལ་སོན་དུས་ཡིན་ཞིང་། དུས་ངན་དེར་ལུས་ལ་ནད་དང་ནོར་ལ་གོད་འབྱུང་བས། བཅོས་སུ་ཚེ་མཆོག་དང་། ཀླུ་གཏོར། གཟའ་ཡུམ། མཚོ་སྨན་དགུ་མདོས་བཅས་བྱ་དགོས། ཤིན་ཏུ་གཉན་པའི་རང་ཀེག་འདི་ལ་སྲོག་ལུས་དབང་ཀླུང་བཞི་ལས་དབང་ཐང་གཙོ་ཞིང་། གལ་སྲིད་ནང་བཏབ་ན་སྣོན་པ་མེད་པས་རང་ལོ་སོ་བདུན་ལས་མི་འདའ་བར་བཤད། |
| Domain | རྩིས་རིག |