40797

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་ཉམས་དམས་པར་བྱེད་པ་རྣམ་པ་བཅུ་དྲུག་ (1)
Part of speech མིང་ཚིག
Definition མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་རྣམ་པ་བཅུ་དྲུག་གིས་བདུད་ཉམས་དམས་པར་བྱེད་པ་སྟེ། ༡ སྡིག་ཅན་ཁྱོད་ནི་ཁྲུང་ཁྲུང་རྒན་པོ་ལྟར་སེམས་ཁོང་དུ་ཆུད་ཅིང་དམས་པའོ། ། ༢ སྡིག་ཅན་ཁྱོད་ནི་གླང་པོ་འདམ་དུ་བྱིང་བ་ལྟར་ཉམ་ཆུང་བའོ། ། ༣ སྡིག་ཅན་ཁྱོད་ནི་དཔའ་བོར་ཁས་འཆེས་པ་ཕམ་པ་ལྟར་གཅིག་པུར་འགྱུར་བའོ། ། ༤ སྡིག་ཅན་ཁྱོད་ནི་ནད་ཀྱིས་ཉེན་པ་འབྲོག་ཏུ་བོར་བ་ལྟར་གཉིས་སུ་མེད་པའོ། ། ༥ སྡིག་ཅན་ཁྱོད་ནི་གླང་བུ་ཁལ་གྱིས་ཉོན་མོངས་པ་ལྟར་སྟོབས་མེད་པའོ། ། ༦ སྡིག་ཅན་ཁྱོད་ནི་ཤིང་རླུང་གིས་བཏབ་པ་ལྟར་སྒྱེལ་བའོ། ། ༧ སྡིག་ཅན་ཁྱོད་ནི་འགྲོན་པོ་ལམ་སྟོར་བ་ལྟར་ལམ་ངན་པར་གནས་པའོ། ། ༨ སྡིག་ཅན་ཁྱོད་ནི་མི་དབུལ་པོ་བུ་ལོན་ཅན་ལྟར་དམན་པ་བས་ཀྱང་དམན་པའོ། ། ༩ སྡིག་ཅན་ཁྱོད་ནི་བྱ་རོག་བྱུང་རྒྱལ་བ་ལྟར་མུ་ཅོར་སྨྲ་བའོ། ། ༡༠ སྡིག་ཅན་ཁྱོད་ནི་མ་དུལ་བ་བྱས་པ་མི་གཟོ་བ་ལྟར་ང་རྒྱལ་གྱིས་ཟིལ་གྱིས་ནོན་པའོ། ། ༡༡ སྡིག་ཅན་ཁྱོད་ནི་སེངྒེའི་སྒྲས་ཝ་འབྲོས་པ་ལྟར་དེང་འབྲོས་པར་འགྱུར་བའོ། ། ༡༢ སྡིག་ཅན་ཁྱོད་ནི་རྣམ་པར་འཐོར་རླུང་གིས་གཏོར་བའི་བྱ་བཞིན་དུ་དེང་འདར་བར་འགྱུར་བའོ། ། ༡༣ སྡིག་ཅན་ཁྱོད་ནི་སྤྲང་པོ་བསོད་ནམས་ཟད་པ་ལྟར་དུས་མི་ཤེས་པའོ། ། ༡༤ སྡིག་ཅན་ཁྱོད་ནི་སྣོད་ཆག་པ་རྡུལ་གྱིས་གང་བ་ལྟར་དེང་རྣམ་པར་སྤང་བར་འགྱུར་བའོ། ། ༡༥ སྡིག་ཅན་ཁྱོད་ནི་སྔགས་ལ་དཔའ་བ་སྦྲུལ་ལ་བབ་པ་ལྟར་དེང་ཚར་ཆོད་པར་འགྱུར་བའོ། ། ༡༦ སྡིག་ཅན་ཁྱོད་ནི་མི་རྐང་ལག་བཅད་པ་ལྟར་སྟོབས་ཐམས་ཅད་དང་བྲལ་བ་བཅས་སོ། །
Domain ཆོས་ལུགས།