4088

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱིམ་བཅུ་གཉིས་ཀྱི་མིང་འདོགས་པའི་རྒྱུ་མཚན་བཅུ་གཉིས་ (1)
Part of speech མིང་ཚིག
Definition ༡ ལུག་ཁྱིམ་ནི། བོད་ཟླ་གསུམ་པར་ཉི་མ་ཤར་ཕྱོགས་ཀྱི་ཁྱིམ་དབུས་མ་དེར་སླེབས་སྐབས་ལུག་རྣམས་བལ་འབྲེག་པའི་དུས་ཡིན་པས་ཁྱིམ་དེ་ལ་ལུག་ཁྱིམ་ཞེས་བརྗོད། ༢ གླང་ཁྱིམ་ནི། བོད་ཟླ་བཞི་པར་ཉི་མ་བྱང་ཤར་གྱི་ཁྱིམ་དེར་སླེབས་སྐབས་གླང་རྣམས་ཞིང་རྨོ་བའི་དུས་ཡིན་པས་ཁྱིམ་དེ་ལ་གླང་ཁྱིམ་ཞེས་བརྗོད། ༣ འཁྲིག་པའི་ཁྱིམ་ནི། བོད་ཟླ་ལྔ་པར་ཉི་མ་བྱང་གི་ཁྱིམ་དཀྱིལ་ལ་སླེབས་སྐབས་སྲོག་ཆགས་རྣམས་འཁྲིག་པ་སྤྱོད་པའི་དུས་ཡིན་པས་ཁྱིམ་དེ་ལ་འཁྲིག་ཁྱིམ། ༤ ཀརྐ་ཊའི་ཁྱིམ་ནི། བོད་ཟླ་དྲུག་པར་ཉི་མ་བྱང་སྟོད་ཀྱི་ཁྱིམ་ལ་སླེབས་སྐབས་ཆར་དུས་ཚུགས་ཤིང་སྦལ་པ་སྐད་འབྱིན་པའི་དུས་ཡིན་སྟབས་ཁྱིམ་དེ་ལ་ཀརྐ་ཊའི་ཁྱིམ། ༥ སེང་གེའི་ཁྱིམ་ནི། བོད་ཟླ་བདུན་པ་ཉི་མ་ནུབ་སྨད་ཀྱི་ཁྱིམ་དེར་སླེབས་སྐབས་ཚ་བ་ཆེ་ཞིང་སེང་གེ་འཁྲིག་པ་སྤྱོད་པའི་དུས་ཡིན་པས་ཁྱིམ་དེ་ལ་སེང་གེའི་ཁྱིམ། ༦ བུ་མོའི་ཁྱིམ་ནི། བོད་ཟླ་བརྒྱད་པ་ཉི་མ་ནུབ་ཕྱོགས་ཀྱི་ཁྱིམ་དབུས་མ་དེར་སླེབས་སྐབས་བུ་མོ་གཞོན་ནུ་རྣམས་བཞིན་གྱི་མདངས་གསལ་བའི་དུས་ཡིན་པས་ཁྱིམ་དེ་ལ་བུ་མོའི་ཁྱིམ། ༧ སྲང་གི་ཁྱིམ་ནི། བོད་ཟླ་དགུ་པ་ཉི་མ་ནུབ་སྟོད་ཀྱི་ཁྱིམ་དེར་སླེབས་སྐབས་འབྲུ་དང་མར་སྲང་ལ་བཏེག་ནས་བརྗེ་འཚོང་བྱེད་པའི་དུས་ཡིན་པས་ཁྱིམ་དེ་ལ་སྲང་གི་ཁྱིམ། ༨ སྡིག་པའི་ཁྱིམ་ནི། བོད་ཟླ་བཅུ་པ་ཉི་མ་ལྷོ་སྨད་ཀྱི་ཁྱིམ་དེར་སླེབས་སྐབས་གཅན་གཟན་རྣམས་གྲ་ལེགས་ཤིང་རྔོན་པ་རྣམས་ཀྱིས་རི་དྭགས་དང་གཅན་གཟན་བསད་ནས་སྡིག་པ་ཤུགས་ཆེར་བསགས་པའི་དུས་ཡིན་པས་ཁྱིམ་དེ་ལ་སྡིག་པའི་ཁྱིམ། ༩ གཞུའི་ཁྱིམ་ནི། བོད་ཟླ་བཅུ་གཅིག་པ་ཉི་མ་ལྷོ་ཕྱོགས་ཀྱི་ཁྱིམ་དྲང་པོར་སླེབས་སྐབས་ས་གནས་འདིར་གནམ་གཤིས་ཧ་ཅང་གྲང་བས་གཞུ་རྒྱུད་ཀྱང་འཐེན་མི་ཐུབ་པའི་དུས་ཡིན་པས་ཁྱིམ་དེ་ལ་གཞུ་ཁྱིམ། ༡༠ ཆུ་སྲིན་གྱི་ཁྱིམ་ནི། བོད་ཟླ་བཅུ་གཉིས་པ་ཉི་མ་བྱང་སྟོད་ཀྱི་ཁྱིམ་དེར་སླེབས་སྐབས་རྒྱ་མཚོ་ཆེན་པོའི་ཆུ་ཧ་ཅང་གྲང་བར་བརྟེན་ཆུ་སྲིན་ཡང་ཁ་ཉི་མ་ལ་བལྟས་ནས་ཉི་མ་སྲོ་བའི་དུས་ཡིན་པས་ཁྱིམ་དེ་ལ་ཆུ་སྲིན་གྱི་ཁྱིམ། ༡༡ བུམ་པའི་ཁྱིམ་ནི། བོད་ཟླ་དང་པོ་ཉི་མ་ཤར་སྨད་ཀྱི་ཁྱིམ་དེ་ལ་སླེབས་སྐབས་བུམ་པའི་ནང་གི་ཆུ་འཁྱགས་པ་དྲོས་པའི་དུས་ཡིན་པས་ཁྱིམ་དེ་ལ་བུམ་པའི་ཁྱིམ། ༡༢ ཉའི་ཁྱིམ་ནི། བོད་ཟླ་གཉིས་པ་ཉི་མ་ཤར་ཕྱོགས་དྲང་པོའི་ཁྱིམ་དེ་ལ་སླེབས་སྐབས་ས་ལ་དྲོད་སླེབས་པའི་དུས་སུ་རྒྱ་མཚོའི་ནང་གི་ཉ་ལྡང་བའི་དུས་ཡིན་པས་ཁྱིམ་དེ་ལ་ཉ་ཡི་ཁྱིམ་ཞེས་བརྗོད་པ་ཡིན།
Domain རྩིས་རིག

{{#arraymap:ཁྱིམ་བཅུ་གཉིས་ཀྱི་མིང་འདོགས་པའི་རྒྱུ་མཚན་བཅུ་གཉིས་

|; |@@@ | | }}