40889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་རྩི་རྒྱུན་སྤྲོའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་དབང་རྫས་གཏད་པ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་ནི་འདི་ལྟར་ཏེ། བཅའ་ལུགས་ནི། མདོ་གཟེར་མིག་ལས། གཡོན་པས་ཁྱོར་བ་གྱེན་ལ་བཟེད། དེ་ལས་གཡས་པས་བཅུས་ཀྱིན་གཏོར་བའོ། །ཞེས་སོ། །མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་ལས། བདུད་རྩི་རྒྱུན་སྦྲེང་ནི། དངོས་གྲུབ་བདུད་རྩའི་ཆུ་རྒྱུན་ལྟར་བབ་ལ། གཡོན་པས་ཁྱོར་བ་གནམ་དུ་བཟེད་པ་ནི། བདུད་རྩའི་གའུའི་ཚུལ་ལ། གཡས་པས་བཅུས་ཀྱིན་གཏོར་བ་ནི། དངོས་གྲུབ་ཀྱི་འོད་ཟེར་གཞན་ལ་སྤྲོ་བའི་བརྡའོ། །ཞེས་སོ། །
Domain ཆོས་ལུགས།