40915
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བདུད་རྩི་སྨན་བསྒྲུབ་ཀྱི་པྲ་ཁྲིད་ལག་ལེན་གྱིས་ཡིག་ཆུང་བཀོད་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདུད་རྩི་སྨན་གྱི་གསང་བསྒྲུབ་ལས༔ གནས་བྱང་བཀོལ་བའི་པྲ་ཁྲིད་འདི༔ བདག་འདྲ་པདྨས་ཁྲིག་ཏུ་བཀོད༔ འབྲེལ་ཚད་དོན་ལྡན་བྱང་ཆུབ་སེམས༔ ལས་ཅན་གཅིག་དང་ཕྲད་ནས་ཀྱང༔ གསང་སྔགས་བསྟན་པའི་བཙས་སུ་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པའམ་སྤྲུལ་སྐུ་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན། འདིའི་ནང་དོན་ལ། སྒྲུབ་ཆེན་གྱི་ཁོག་དབུབ་དང། ལག་ལེན་སྨན་སྒྲུབ་ཀྱི་གཞུང་ལྟར་བྱ་ཞིང་ཟབ་པའི་ཁ་སྐོང་དང་བཅས་པའི་སྒོ་ནས་དངོས་གྲུབ་ཀུན་གྱི་རྩ་བ་བདུད་རྩི་སྨན་གྱི་སྒྲུབ་པའི་པྲ་ཁྲིད་བསྟན། |
{{#arraymap:བདུད་རྩི་སྨན་སྒྲུབ་ཀྱི་པྲ་ཁྲིད་ལག་ལེན་གྱིས་ཡིག་ཆུང་བཀོད་པ་
|; |@@@ | | }}