40937

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་ལས་རྣམ་པར་རྒྱལ་བའི་འཁོར་ལོ་ (1)
Part of speech མིང་ཚིག
Definition གསང་སྔགས་རྙིང་མའི་སྔོན་འགྲོ་ལས་བགེགས་གཏོར་གཏང་བའི་རིམ་པ་བདུད་ལས་རྣམ་པར་རྒྱལ་བའི་འཁོར་ལོ། ཞེས་བྱ་བ་གཏེར་ཆེན་རཏྣ་གླིང་པས་མཛད་པ་ཞིག་སྟེ། འདིའི་མཇུག་བྱང་དུ། འབྱུང་གཏོར་གཏང་བའི་བདུད་ལས་རྣམ་པར་རྒྱལ་བའི་འཁོར་ལོ་ཞེས་བྱ་བ་གཏེར་སྟོན་རཏྣ་གླིང་པས་ཨྱོན་ཆེན་པོའི་བཀའ་དང། རིག་འཛིན་གོང་མ་རྣམས་ཀྱི་གསུང་ལ་བརྟེན་ནས། གནུབས་གཡུ་མཚོའི་མགུལ་བདེ་ཆེན་གླིང་གི་གཙུག་ལག་ཁང་དུ་ཆུ་གླང་སྦྲུལ་ཟླའི་ཉེར་གཉིས་ལ་སྦྱར་པའོ། །ཞེས་གསལ། འདིའི་ནང་དོན་ལ། སྐྱབས་སེམས་སྔོན་དུ་སོང་ནས་ལས་བྱང་གང་རུང་གིས་བཀའ་བསྒོ་བས་གང་དུ་བསྒྲུབ་པ་ལ་མི་དབང་བའི་བགེགས་རིགས་བསྐྲད་པར་བྱ་བའི་ཚུལ་དང་། འདོད་ཡོན་ལོངས་སྤྱོད་བགེགས་ལ་སྦྱིན་ཚུལ་སྐོར་བསྟན།

{{#arraymap:བདུད་ལས་རྣམ་པར་རྒྱལ་བའི་འཁོར་ལོ་

|; |@@@ | | }}