41013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་ཆེན་བློ་བཟང་ཆོས་འཕེལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ས་རྟ་ཕྱི་ལོ ༡༨༥༨ ལོར་མདོ་སྨད་ཧོར་བདེ་ཆེན་དུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ཕྱི་ལོ ༡༩༤༠ ལོར་སྐུ་གཤེགས། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ལས་དགེ་བསྙེན་དང་། དགེ་སློང་གི་སྡོམ་པ་མནོས། མཁན་པོ་འདི་དང་དུས་འཁོར་སྔགས་ཆེན་མཚོ་བྱུང་དགྱེས་པའི་དཔལ་སོགས་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས་མཛད། སྨན་བླའི་དབང་གསུངས། ཉེར་ལྔ་པར་འདུ་ཁང་རྟེན་བརྟེན་པ་རྣམས་བཞེངས། ནང་ཆེན་གྱི་ཚོམས་ཁང་དམར་མདངས་དང་། ཀླུ་དབང་རྒྱལ་པོའི་ལྷ་ཁང་། ལམ་རིམ་བླ་བརྒྱུད་ལྷ་ཁང་སོགས་ཀྱང་བསྐྲུན། གདན་ས་གསུམ་ཆོས་ཁྲིད་ཁྲི་ལ་མངའ་གསོལ། ལྷ་ཞོན་དུ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ། ལོ་བཅུ་གཉིས་རིང་བསྐྱངས། སློབ་མ་གྲགས་ཆེ་བ་ནི་བྱང་རྩེ་འཇམ་དབྱངས་མཁས་བཙུན་རྒྱ་མཚོ་དང་། བདེ་ཆེན་ཆུང་བ་བློ་བཟང་བསྟན་པ་རབ་རྒྱས། ཁ་སོ་བློ་བཟང་ཆོས་འབྱོར་རྒྱ་མཚོ་བཅས་ཡིན། གསུང་རྩོམ་ནི་ལམ་རིམ་ཟིན་བྲིས་རིན་ཆེན་གཏེར་མཛོད་དང་། སྡོམ་གསུམ་བསླབ་བྱ། སྤྱོད་འཇུག་ཤེར་ལེའུའི་འགྲེལ་བ། གདུགས་དཀར་འགྲེལ་བ་སོགས་པོད་དྲུག་བཞུགས།

{{#arraymap:བདེ་ཆེན་བློ་བཟང་ཆོས་འཕེལ་རྒྱ་མཚོ་

|; |@@@ | | }}