41016
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གསུམ་པའི་ས་ཕག་ཕྱི་ལོ ༡༧༧༩ ལོར་འཁྲུངས། དགུང་ལོ་བཅུ་པར་བདེ་ཆེན་པཎྜི་ཏ་ངག་དབང་འཇམ་དབྱངས་དཔལ་ལྡན་པའི་སྤྲུལ་སྐུར་ངེས་པ་རྙེད། རྗེ་གོང་མའི་ཁྲི་ཁར་བྱོན། ཐོས་བསམ་གླིང་དུ་བཞུགས། མདོ་སྔགས་རིག་གནས་ཀུན་ལ་དཔྱིས་ཕྱིན་པ་སྦྱངས། རང་དགོན་དུ་ཕེབས། ཀུན་རིག་ཆོ་ག་སྒྲུབ་པའི་སྲོལ་བཙུགས། བླ་མ་ལྔ་བཅུ་བ་དང་། ཐུན་དྲུག་རྣལ་འབྱོར། སྡོམ་གསུམ་བསྔོ་བ་བགྲང་བཅས་ཚོགས་འདོན་དུ་བཙུགས། སོ་དྲུག་པར་རོང་བོ་རྒྱུད་ཁྲིར་ཕེབས། འཆད་ཉན་ལོ་གསུམ་རིང་བསྐྱངས། ང་གཅིག་པ་རབ་བྱུང་བཅུ་བཞི་པའི་ས་གླང་ཕྱི་ལོ ༡༨༢༩ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ཁྲིར་ཕེབས། གདན་ས་ལོ་གསུམ་རིང་བསྐྱངས། འགྲིག་ལམ་དང་། ཀུན་སྤྱོད་དང་། འཆད་ཉན། དཔེ་འཛིན་སྐྱོར་སྦྱོང་། ཚིག་རྒྱུགས། དོན་རྒྱུགས་ལེན་པ་སོགས་ལ་དོ་དམ་མཛད། རབ་བྱུང་བཅུ་བཞི་པའི་ས་ཕག་ཕྱི་ལོ ༡༨༣༩ ལོར་སྐུ་གཤེགས། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་མཁན་རབས་སོ་གཅིག་པ་ཡིན། |
{{#arraymap:བདེ་ཆེན་འཇིགས་མེད་གྲགས་པ་རྒྱ་མཚོ་
|; |@@@ | | }}